དབུ་ཤོག>ཁྲིམས་ལུགས།
  • ལང་ཚོའི་ཞིང་ས་ཁྲིམས་ཀྱི་བདུད་རྩིས་བརླན། ཁྲིམས་ལ་བརྟེན་ནས་རང་ཉིད་སྲུང་སྐྱོང་བྱེད།

    རང་ལྗོངས་ཀྱིས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་རྣམ་པ་གསར་པ་ཧུར་ཐག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-20

    འདི་ནི་མི་དམངས་ཉེན་རྟོག་པས་སློབ་མ་ཚོར་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཤེས་བྱའི་ལག་དེབ་སྤྲོད་བཞིན་པ། (དཔྱད་གཞིའི་པར་རིས)

    2025ལོའི་ཟླ་11ཚེས་1ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས》དངོས་སུ་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་ཚུན། བཅའ་ཁྲིམས་དེས“གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི”ཆེད་མངགས་ལེའུ་གཅིག་བཀོད་སྒྲིག་བྱས་ཏེ་གཏན་འབེབས་བྱས་ཡོད། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་སུ་གཞོན་ནུ་ལོ་ཆུང་གིས་ངེས་པར་དུ་ཤེས་དགོས་པའི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་སྟེ། ཁོང་ཚོའི་ཁྲིམས་སྲུང་འདུ་ཤེས་དང་སྒྲིག་སྲོལ་འདུ་ཤེས་ཟབ་ཏུ་དང་དོགས་ཟོན་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས་སྡེ་ཚན་མཉམ་འགུལ་དང་། འབྲེལ་ཟམ་འཛུགས་པ། བྱེད་སྟངས་གསར་གཏོད་སོགས་བྱ་ཐབས་བརྒྱུད། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྣམ་པ་གསར་པ་རིམ་གྱིས་ཆགས་པར་བྱས་ཏེ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་ཡོད་པ་རེད།

    སྡེ་ཚན་མཉམ་འགུལ་གྱིས།

    “བཅའ་ཁྲིམས་སློབ་གྲྭར་ཁྱབ་གདལ”བཏང་ནས་ལང་ཚོའི་ཁྲིམས་སྐྱོང་འགོག་རགས་བརྟན་དུ་བཏང་བ།

    “སློབ་གྲོགས་ཚོ། གཞུང་ལམ་འགྲོལ་དུས་ངེས་པར་དུ་འགྲོ་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་གཞུང་ལམ་ཐོག་རྩེད་མོ་རྩེ་བ་སོགས་གཏན་ནས་བྱེད་མི་རུང”2025ལོར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་། རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་། རང་སྐྱོང་ལྗོངས་དུག་འགོག་དོ་དམ་ཅུས་སོགས་སྡེ་ཚན་མང་པོས་མཉམ་དུ་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་2025ལོའི“བཅའ་ཁྲིམས་སློབ་གྲྭར་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་དཔེ་སྟོན་བྱེད་སྒོ་རབ་དང་རིམ་པ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭར་སྤེལ་ནས། གསོན་ཉམས་དོད་པོས་གྱོད་དཔེར་དབྱེ་ཞིབ་དང་འདྲི་བར་ལན་རྒྱག་རེས་བྱས་ཏེ་སློབ་གྲྭའི་བརྙས་བཅོས་ལ་ཇི་ལྟར་བྱས་ནས་ཁ་གཏད་གཅོག་པ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་སྐོར་བཤད་དེ། སློབ་མ་ཚོས་སྐྱིད་སྣང་དོད་པའི་ཁོར་ཡུག་ཁྲོད་ནས་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་ཉིད་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་ཐུབ་པར་བྱས་ཡོད།

    རྣམ་པ་འདྲ་མིན་གྱི་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སློབ་གྲྭར་སྤེལ་བས་སློབ་མ་ཚོས་བཅའ་ཁྲིམས་ཀྱི་ཤེས་བྱ་དངོས་ཤེས་པ་མ་ཟད། ད་དུང་སློབ་གྲྭར་ཡང་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད།

    འབྲེལ་ཟམ་བཙུགས་ནས།

    ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པས་རང་འགན་གཙང་སྒྲུབ་ཀྱིས་བྱིས་པའི་འཚར་ལོངས་བསྲུངས་པ།

    “རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་སྐབས་སློབ་མ་ཚོས་ངེས་པར་དུ་བཅའ་ཁྲིམས་ཐབས་ལམ་ལ་བརྟེན་ཏེ་རང་ཉིད་ཀྱི་དབང་ཆ་བསྲུངས་ནས་དུས་ཐོག་ཏུ་ཁྱིམ་བདག་དང་། དགེ་རྒན། ཉེན་རྟོག་པ་བཅས་ལ་རེ་ཞུ་བྱེད་དགོས”ན་ནིང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་སྤེན་པ་ཆུང་བདག་གིས“ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི”མིང་ཐོག་ནས་བསམ་གྲུབ་རྩེ་ཆུས་སློབ་འབྲིང་དང་པོར་ཁྲིམས་སྐྱོང་སློབ་གསོའི་འཆད་ཁྲིད་བྱས་པ་རེད། སློབ་གྲྭའི་ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པ་ཡིན་པའི་ངོས་ནས་ངས་ཁྲིམས་སྐྱོང་སློབ་གསོའི་སྦྲེལ་ཐག་ཡག་པོ་བྱས་ཏེ། སློབ་མ་ཚོར་བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་པ་མ་ཟད། ད་དུང་ཁོང་ཚོར་ཡང་དག་པའི་རིན་ཐང་ལྟ་བ་དང་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་ཡང་བྱ་རྒྱུ་ཡིན་ཞེས་སྤེན་པ་ཆུང་བདག་གིས་བཤད།

    ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པ་སློབ་གྲྭར་བསྐྱོད་པ་ནི་སློབ་གྲྭར་ཁྲིམས་སྐྱོང་གི་སློབ་གསོ་སྤེལ་བའི་སྦྲེལ་ཐག་གལ་ཆེན་ཞིག་དང་། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ནང་ཞུགས་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྲིམས་སྐྱོང་གི་རྒྱབ་རྩ་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་བཅས་རེད།

    བྱེད་ཐབས་གསར་གཏོད་ཀྱིས།

    དབྱིངས་ཞུགས་རྣམ་པའི་སྒོ་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་སྦྱོང་གི་སྤྲོ་སེམས་འཕེལ་བར་བྱས་པ།

    ཉིང་ཁྲི་གྲོང་ཁྱེར་དུ“ལད་མོའི་ཁྲིམས་ར+གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི”ཐོག་མ་སྤྱོད་འགོ་ཚུགས་ཤིང་། སློབ་མས་གཙོ་ཁྲིད་བྱས་པའི“སློབ་གྲྭའི་གནོད་འཚེའི་གྱོད་གཞི་འདྲི་ཞིབ”བྱེད་རིང་། ཁོང་ཚོས“ཁྲིམས་དཔོན”དང་། “ཞིབ་དཔྱོད་དཔོན” “ཁྲིམས་རྩོད་པ” “ཞུ་སྦྱོར་ཕྱི་མ”སོགས་ཀྱི་མིང་ཐོག་ནས། ཁྲིམས་སྦྱོར་ཞུ་ཡིག་ཀློག་པ་དང་། དཔང་འདོན་དཔང་སྒྲུབ། ཁྲིམས་རའི་རྩོད་གླེང་བཅས་ནས་མཐའ་མའི་བཅད་ཁྲ་ཁྱབ་བསྒྲགས་བར་གྱི་བརྒྱུད་རིམ་ཚང་མར་འདྲི་གཅོད་ཀྱི་བརྒྱུད་རིམ་དངོས་གཞིར་བཟུང་སྤེལ་བ་དང་། ཁྲིམས་སའི་འདྲི་ཞིབ་བྱ་ཡུལ་དངོས་ཀྱི་ཚོར་སྣང་ཞིག་སྤྲད་ནས་སློབ་མ་ཚོས་བཅའ་ཁྲིམས་དབང་གྲགས་ཚོར་ཐུབ་པར་བྱས་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱི“ལད་མོའི་ཁྲིམས་ར”ནི་རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོ་གཏོང་སྟངས་གསར་གཏོད་བྱས་པའི་བསྡུས་རིས་ཤིག་རེད། སློབ་མ་ཚོ་བཅའ་ཁྲིམས་སློབ་སྦྱོང་ནང་རང་འགུལ་ངང་ཞུགས་ནས་ཁྲིམས་སྐྱོང་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་ཆེད། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་སྣ་མང་ཅན་གྱི་གསར་གཏོད་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ཁྲིམས་སྐྱོང་གི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་དང་། བཅའ་ཁྲིམས་ཤེས་བྱ་འགྲན་བསྡུར། གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་སློབ་ཁང་ཆེ་མོ། སློབ་འགོ་ཚུགས་པའི་ཁྲིམས་སྐྱོང་སློབ་ཚན་དང་པོ། ཁྲིམས་སྐྱོང་ཁུག་མ་ཆེན་པོ་སོགས་ཀྱི་བྱེད་སྒོ་མང་དག་ཅིག་སྤེལ་ནས་སློབ་མའི་སློབ་ཕྱིའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ཁོང་ཚོའི་ཁྲིམས་སྐྱོང་བྱང་ཚད་ཀྱང་མཐོ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།