ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཚོགས་འདུ་འཚོགས་པ།
ཉེ་ཆར་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། 2025ལོར་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས“ཁྲིམས་སྐྱོང་འཛུགས་སྐྱོང་ལ་བརྟེན་ནས་བདེ་འཇགས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་འཛིན་སྲིད་འཛིན་སྤུས་འབྲས་ལེགས་གཉེར་ཡོང་བའི”ལས་ཀའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ཡོད། 2026ལོར་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། “སྤྱི་འདོམས་དམ་འཛིན་གཅིག་དང་འགན་ནུས་ཆེན་པོ་ལྔ”ལག་ལེན་ཏན་ཏིག་བསྟར་བ་དང་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཚད་ལྡན་ངང་རིམ་སྤོར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ཕན་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
ཚོགས་འདུའི་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་གཞི་འཛིན་ས་ཨང་དང་པོར་བརྩི་བ་དང་། “ཆབ་སྲིད་ཐོག་ནས་ལྟ་བ་དང་ཁྲིམས་སྐྱོང་ཐོག་ནས་སྒྲུབ་པ”ནང་སེམས་རྒྱུད་ལ་འཇཌ་པ་དང་ཕྱི་ལག་ལེན་དུ་འཁྱོལ་བ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། “གཞི་རིམ་ལ་དམ་འཛིན་ཆེན་པོ་བྱེད་པའི”སྟོན་ཕྱོགས་མངོན་གསལ་དོད་དུ་བཏང་ནས་ཁྲིམས་འཛིན་སྲིད་འཛིན་ཞབས་ཞུ་གནད་སྨིན་ངང་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱས་ཏེ་མང་ཚོཌ་ཀྱི་རེ་སྒུག་ལ་ལན་འདེབས་ཐུབ་པ་བྱེད་དགོས། ཁྲིམས་སྐྱོང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་དེར་འགན་ལེན་བྱེད་པའི་རང་འགུལ་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་དང་འཇོན་ཐང་དངོས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་འཛིན་སྲིད་འཛིན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།