དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་དངོས་སུ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-11

    ཉེ་ཆར། ཉིང་ཁྲི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གིས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།

    ཉིང་ཁྲི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་ནི་དེ་སྔོན་གྱི་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་དང་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་གསོད་ཉིང་ལག་རུ་ཁག་ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་ཡིན་ཞིང་། དེའི་ཁོངས་གཏོགས་སུ་བྲག་ཡིབ་དང་། སྤོ་བོ། རྫ་ཡུལ། ཁ་རུབ། མཛོ་སྒང་། འཇོ་མདའ་བཅས་ཀྱི་རུ་ཆེན་6དང་ཐད་གཏོགས་རུ་འབྲིང་1ཡོད་པ་དང་། ཉིང་ཁྲི་དང་ཆབ་མདོའི་ཁོངས་གཏོགས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ལ་ལྟ་སྲུང་བྱེད་ཀྱི་ཡོད་པ་རེད།

    2018ལོར་མེ་གསོད་ཁོངས་གཏོགས་ཀྱི་སྒྲིག་ཁོངས་བསྒྱུར་པ་ནས་བཟུང་། ཉིང་ལག་རུ་ཁག་དེས་རིམ་རྩིས་བརྒྱབ་ན་མི་ཐེངས་5900ལྷག་ཙམ་བཏང་སྟེ། ནགས་ཚལ་མེ་སྐྱོན་སེལ་བའི་ལས་འགན་དང་ཕྱོགས་བསྡུས་རོགས་སྐྱོབ་ལས་འགན་བརྒྱ་གྲངས་ཁ་ཤས་ལེགས་སྒྲུབ་བྱས་ནས། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་སེལ་དང་གནོད་འཚེ་དང་དོན་རྐྱེན་རིགས་ཐག་གཅོད་བྱེད་པར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།