ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།
2025ལོའི་བོད་ཀྱི་སྲིད་ཁྲིམས་ལས་དོན་སྐོར་གྱི་སྒྲིལ་གླེང་།
གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ཁག་གཅིག་ལས་མི་སེམས་ལ་སྐུལ་མ་ཐེབས་པ་སྟེ། ལོ་ལྔའི་རིང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
གྲངས་གཞི་དེ་དག་ནི་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་དམངས་ཆེད་ཁྲིམས་འཛིན་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་ལྷག་བསམ་རྣམ་དག་གིས་རང་འགན་ཐེག་པ་ཁུར་ལེན་བྱེད་པ་དང་། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་ལ་འབད་འཐབ་ལྷོད་མེད་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་། མང་ཚོགས་ཀྱི་རེ་སྒུག་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ལས་བྱུང་བ་ཞིག་དེ་བས་རེད།
མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ལ་དེ་བས་འགན་སྲུང་ཡོད་པ།
2025ལོར་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྒྱུར་བཅོས་གསར་གཏོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་དམངས་ཕན་གྱི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
གྲངས་གཞི་ཁག་རེ་རེ་ལས་ཁྲིམས་སྐྱོང་འཛུགས་སྐྱོང་ལས་བྱུང་བའི“ཐོབ་སྣང”གསལ་པོར་མངོན་པ་སྟེ།
— ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ལོ་ཧྲིལ་པོར་རིམ་རྩིས་བརྒྱབ་ན་གྱོད་གཞི་སྣ་ཚོགས་ཁྲི་12ལྷག་ཙམ་བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁྲི་11ཙམ་འདྲི་གཅོད་ལག་བསྟར་བྱས་པས། དུས་མཚུངས་ལས་མངོན་གསལ་དོད་པོས་འཕར་བ་དང་འདྲི་གཅོད་ལག་བསྟར་གྱི་སྤུས་ཚད་དང་ཕན་འབྲས་སྐས་རིམ་གསར་པར་སླེབས་ཡོད། ཁྲིམས་ཁང་ཁོངས་གཏོགས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་ཆ་འཕྲིན་ཅན་གྱི་རྣམ་གྲངས་ཁག་50གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་པས། བློ་རིག་ཁྲིམས་ཁང་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་ལྷུན་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་བཏོད་པའི་བློ་རིག་ཡིག་ཚགས་མ་ལག་གིས་ཡིག་ཚགས་ལྟ་འཐེན་བྱེད་པའི་དུས་ཚོད་སྐར་མ་30ནས་སྐར་མ་5བར་ཐུང་དུ་ཕྱིན་ནས། དོ་བདག་གིས“མཛུབ་སྒུལ་གཏུག་བཤེར་དང་སྦར་མཐིལ་གྱོད་སྒྲུབ”མངོན་འགྱུར་བྱུང་ཡོད་པ་རེད།
— སྤྱི་བདེ་ལས་ཁུངས་ཀྱིས་མི་ཐེངས་ཁྲི་30ལྷག་ཙམ་ལ་ལོ་ཧྲིལ་པོར་ཐེམ་ཐོ་དང་འགྲིམ་འགྲུལ་དོ་དམ་སོགས་ཀྱི་ལས་སྒོ་གཉེར་བ་དང་། མཐའ་སྲུང་ལམ་ཡིག་གཉེར་ས་358བར་མང་དུ་ཕྱིན་པ། དམངས་ཕན་ཞབས་ཞུའི་ཐད་སྦྲེལ་ཁ་པར་12367སྐར་ཆ་15ལ་འབྲེལ་མཐུད་བྱེད་ཚད་98.7%ཟིན་པ། མང་ཚོགས་བློ་ཡིད་ཚིམ་ཚད་99%ཟིན་པས། “གྲངས་གཞི་མང་ཙམ་སྤྱོད་པ་དང་མང་ཚོགས་ཉུང་ཙམ་རྒྱུག་པ”དངོས་འབྲེལ་མངོན་འགྱུར་ཐུབ་ཡོད།
དངོས་དངོས་རྗེན་རྗེན་གྱི་བྱ་ཐབས་དེ་དག་ལས་མི་སེར་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་མང་བ་ཐོབ་ཡོད།
གཞི་རིམ་བཅོས་སྐྱོང་སྤུས་འབྲས་ལེགས་གཉེར་བྱུང་བ།
2025ལོར་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ས་མཐོའི་དོན་དངོས་ལ་གཞི་ཚུགས་པ་དང་མི་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས། དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”ལག་ལེན་གཏིང་ཟབ་བསྟར་ཏེ“དོན་ཆུང་གྲོང་ཚོ་ནས་ཐག་གཅོད་ཐུབ་པ་དང་། དོན་ཆེན་ཤང་ནས་ཐག་གཅོད་ཐུབ་པ། འགལ་ཟླ་གོང་ཞུ་མི་བྱེད་པ། ཞབས་ཞུ་གང་ལེགས་སྒྲུབ་པ”བཅས་ཀྱི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ཡུལ་བབ་དང་བསྟུན་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་གཞི་རིམ་བཅོས་སྐྱོང་གི་མ་དཔེ་བཏོད་དེ་གཞི་རིམ་བཅོས་སྐྱོང་གི་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།
ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་མི་དམངས་འདུམ་འགྲིག་རྩ་འཛུགས་7077བཙུགས་པ་དང་། ཆེད་ལས་ཀྱི་འདུམ་འགྲིག་པ་གཅིག་ལྕོགས་ཁྲི་4.2ལྷག་ཙམ་ཡོད་པ། ལོ་ཧྲིལ་པོར་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་96%ཡན་རྒྱུན་འཁྱོངས་ཐུབ་ཡོད། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་བན་དཀར་ཤང་གི་དབྱར་རྩྭ་དགུན་འབུ་བསྡུ་རིང་གི་རྩོད་གཞི“འཐབ་ས་དང་པོར་སེལ་བའི”ལས་ཀའི་བྱ་ཐབས་དང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གཡུ་ཕུག་ཤང་གི“རིམ་གསུམ་ཞི་གྲོས”ཀྱི་མང་ཚོགས་ཀྱིས་རྩོད་གཞི་སེལ་བའི་ལས་ཀའི་བྱ་ཐབས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི“ཧྥུང་ཆའོ་རྣམ་པའི་ལས་ཀའི་བྱ་ཐབས”ལ་བདམས་ནས། གཞི་རིམ་བཅོས་སྐྱོང་ལ“བོད་ཀྱི་བློ་གྲོས”ལེགས་སྐྱེས་ཕུལ་ཡོད།
ཁྲིམས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
2025ལོར། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ཁྲིམས་བཞིན་སྲིད་འཛིན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་གི་ཁྲིམས་འཛུགས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། དྲང་གཞག་ཡ་རབས་ཀྱི་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། ཉེས་དོན་ཁྲིམས་འཛིན་སྲུང་སྐྱོབ་དང་། བཅའ་ཁྲིམས་ཁྱབ་གདལ། འདུམ་སྒྲིག ཁྲིམས་རྩོད་པ་སོགས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་འགན་ནུས་གང་ལེགས་བཏོན་པས། ཁྲིམས་འཛུགས་དང་། ཁྲིམས་སྒྱུར། ཁྲིམས་འཛིན། ཁྲིམས་སྲུང་སོགས་ཀྱི་ཕྱོགས་ཁག་ལ་ནུས་པ་ཐོན་པའི་ལམ་སྲོལ་ཞིག་ཆགས་པ་དང་། བོད་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྒྲོམ་གཞིའི་མ་ལག་སྦབ་ཆ་གཅིག་གྲུབ་ཡོད།
གནད་སྨིན་ནུས་ལྡན་གྱི་ཞབས་ཞུའི་འགན་སྲུང་བྱས་ཤིང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་དོན་ཚོང་དོན་གྱོད་གཞི་ཁག་ཁྲི་5.9ལྷག་ཙམ་འདྲི་ཞིབ་བྱས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་ལ་གཏོར་བཤིག་བཏང་བའི་ཉེས་གསོག་པ་141ཁྲིམས་བཞིན་ཞུ་གཏུག་བརྒྱབ་ནས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།