དཔྱིད་གསར་སྐྱེལ་འདྲེན་རིང་ལྷ་ས་མེ་འཁོར་འབབ་ཚུགས་ནས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་29སྐྱེལ་འདྲེན་བྱ་རྒྱུ་ཡིན་པ།

འདི་ནི་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའི་མི་དམངས་ཉེན་རྟོག་པས“བཅའ་ཁྲིམས་དྲིལ་བསྒྲགས་བྱས་ནས་དུས་བདེ་སྲུང་བའི”བྱེད་སྒོ་སྤེལ་བར་འགྲུལ་པའི་བསྔགས་བརྗོད་ཐོབ་པ།

འདི་ནི་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ལས་དོན་པས་འགྲུལ་པར་རྡོག་ཁྲེས་དབོར་རོགས་བྱེད་བཞིན་པ།
ཉེ་ཆར། 2026ལོའི་དཔྱིད་གསར་སྐྱེལ་འདྲེན་དངོས་སུ་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་མེ་འཁོར་འབབ་ཚུགས་ནས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་29སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་0.7ཟིན་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།