དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འགན་འཁྲི་ཁུར་སེམས་ལ་བརྟེན་ནས་ཡུལ་དེའི་བདེ་འཇགས་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-03

    འདི་ནི་བཀོད་གཏོང་ལས་སྟེགས་ཀྱི་མདུན་དུ་ཉེན་རྟོག་པ་ཚོས་འགན་འཁྲི་ཁུར་སེམས་ལ་བརྟེན་ནས་ཡུལ་དེའི་བདེ་འཇགས་སྲུང་སྐྱོང་བྱེད་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་ལོ་ཧྲིལ་པོར་ངལ་གསོ་མེད་པ་དང་ཉིན་མཚན་དབྱེར་མེད་ལས་དོན་སྒྲུབ་བཞིན་པའི“དུས་བདེའི་ལྟེ་གནས”ཤིག་ཡོད་པ་དེ་ནི་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་གསང་འཕྲིན་བཀོད་འདོམས་ལྟེ་གནས་རེད། སྤྱི་བདེ་ལས་དོན་གྱི“སྤྱང་གྲུང་འཛོམས་ཤོས”དང“བཀོད་འདོམས་ཀྱི་ལྟེ་བ”ཡིན་པའི་ངོས་ནས། ལྟེ་གནས་དེས་བཀའ་རྒྱ་གནད་སྨིན་གཏོང་བ་དང་སྟོབས་ཤུགས་མགྱོགས་མྱུར་གཅིག་སྡུད་བྱས་ཏེ། ཉེན་དོན་དང་ལེན་དང་ཐག་གཅོད་གཏིང་ཟབ་བྱེད་པ་དང་བཀོད་འདོམས་བཀོད་གཏོང་སོགས་ཀྱི་ལྟེ་བའི་འགན་ནུས་འཁུར་བཞིན་ཡོད། ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། ཉེན་སེལ་རྒུད་སྐྱོབ། དམངས་འཚོར་ཞབས་འདེགས་ཞུ་བ་སོཌ་འཐབ་ཕྱོགས་དང་པོར་ལས་འགན་སྒྲུབ་པ་དང་འགན་འཁྲི་ཁུར་ནས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ལས་གནས་བརྟན་སྲུང་དང་གྲ་སྒྲིག་ཨང་གསར་གྱི་འགན་འཁྲི་ཁུར་ནས་ས་ཁོངས་ཧྲིལ་པོའི་དུས་བདེ་སྲུང་སྐྱོང་བྱེད་པའི་འགོག་སྲུང་དྲ་བ་དམ་ཚགས་ཞིག་སྐྲུན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།