དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་ཚན་པ་མང་པོ་དང་མཉམ་དུ།

    རྒྱལ་སྤྱིའི་གནོད་འཚེ་སྔོན་འགོག་གམ་ཉུང་གཏོང་དང་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-03

    འདི་ནི་དྲིལ་བསྒྲགས་པས་ས་ཡུལ་དངོས་སུ་སྒྲིག་ཆས་རིགས་མི་འདྲ་བ་བཀོལ་སྤྱོད་བྱེད་སྟངས་སྟོན་བཞིན་པ།

    ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་བཀོད་འདོམས་པུའུ་གཞུང་དོན་ཁང་གི་ཡིག་ཆའི་བླང་བྱ་དོན་འཁྱོལ་ནན་ཏན་བྱ་ཆེད། ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚན་པ་མང་པོ་དང་མཉམ་དུ་རྒྱལ་སྤྱིའི་གནོད་འཚེ་སྔོན་འགོག་གམ་ཉུང་གཏོང་དང་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཞིང་། “མཉེན་གཤིས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཏེ། གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་བ”དང“ཕྱི་རོལ་དུ་མེ་བཀག་འགོག་བྱས་ཏེ། ལྗང་མདོག་ཁྱིམ་གཞིས་མཉམ་དུ་སྲུང”སོགས་ཀྱི་བརྗོད་དོན་གཙོ་བོའི་སྦྱར་ཡིག་སྔོན་ཚུད་ནས་བཀལ་ཏེ། “ཚང་མས་དོ་ཁུར་དང་ཚང་མ་ཞུགས་པའི”རྣམ་པ་ཟབ་མོ་བཏོད་ནས། ཉེ་འཁོར་གྱི་མང་ཚོགས་བྱེད་སྒོའི་ནང་ཞུགས་པའི་ཡིད་དབང་བཀུག་ཡོད་པ་རེད།

    རྒྱུན་ཤེས་ཡིག་ཆ་སྤྲོད་སྐབས། རུ་ཆེན་དྲིལ་བསྒྲགས་པས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ《ནགས་ཚལ་མེ་ཟོན་སྲོལ་ཡིག》གི་གནད་བསྡུས་ལག་དེབ་དང་གནོད་འཚེ་སྔོན་འགོག་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་ཤོག་ལྷེ་སོགས་དྲིལ་བསྒྲགས་དཔྱད་ཡིག་ཁག་200ལྷག་ཙམ་སྤྲད་དེ། གནོད་འཚེ་སྔོན་འགོག་གི་སྲིད་ཇུས་དང་མེ་ཟོན་རྒྱུན་ཤེས་ཀུན་གྱིས་ཤེས་པར་བྱས་པ་དང་། སྤྲོ་འཕེལ་མཉམ་འགུལ་བྱས་ནས་མང་ཚོགས་བྱེད་སྒོའི་ནང་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་ཐོག ཁྱིམ་ཚང་གི་མེ་སྤྱོད་བདེ་འཇགས་དང་། རྒྱུན་གཏན་གྱི་གནོད་འགོག་ཉེན་གཡོལ། ནགས་ཁུལ་གྱི་མེ་སྐྱོན་སྔོན་འགོག་སོགས་ཀྱི་གནད་དོན་ལ་དམིགས་ཏེ། དྲིལ་བསྒྲགས་པས་ངང་རྒྱུད་རིང་པོས་འགྲེལ་བཤད་དང་མཛུབ་ཁྲིད་ཞིབ་ཚགས་བྱས་ནས་དོགས་གནད་བསལ་བ་རེད།

    ད་ཐེངས་སྣ་མང་ཅན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད། གྲོང་མིའི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་མེ་ཟོན་དྲིལ་བསྒྲགས་ཀྱི“སྟོང་ཆ”གནད་སྨིན་ངང་བསྐངས་པ་མ་ཟད། མང་ཚོགས་ཀྱི་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་དེ་བས་ཟབ་ཏུ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་དེ་བས་ཆེ་རུ་ཏན་ཏིག་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།