ནག་ཆུ་གྲོང་ཁྱེར་སོག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་ཉེན་ཁའི་མངོན་མེད་རྐྱེན་ངན་བསལ་བ།

འདི་ནི་སོག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་རུ་མི་སྡེ་ཁུལ་དུ་བསྐྱོད་ནས་མང་ཚོགས་ལ་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་འཛིན་མི་སྣ་དང་དྲིལ་བསྒྲགས་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་གྲོང་མིའི་ཁུལ་ཆུང་དང་། ཁྲོམ་གཞུང་གི་ཚོང་ཁང་། ཁེ་ལས་སོགས་གློག་སྒུལ་རྐང་འཁོར་གཅིག་སྡུད་འཇོག་ཡུལ་དུ་བསྐྱོད་ནས“ཕྱོགས་ཡོངས་ལ་ཁྱབ་པ་དང་མཐར་པར་མི་གཏོང་བའི”མེ་གསོད་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་བདེ་འཇགས་ཡོང་བར་བྱས་ཡོད།
ཆེད་དོན་ཞིབ་བཤེར་བྱེད་སྐབས་ཁྲིམས་འཛིན་མི་སྣས་གློག་སྒུལ་རྐང་འཁོར་གང་བྱུང་དུ་བཞག་ཡོད་མེད་དང་། མི་འགྲོ་སའི་ལམ་བཀག་ཡོད་མེད། གློག་གསོག་ཁུལ་དུ་འབར་སླ་བའི་དངོས་པོའི་འཁྲིས་སུ་ཡོད་མེད། གློག་གསོག་སྒྲིག་ཆས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཚད་གཞི་དང་མཐུན་མིན། གློག་སྐུད་གང་བྱུང་དུ་འཁྲིད་མིན་སོགས་སྒྲིག་འགལ་བྱེད་སྤྱོད་ལ་གཙོ་གནད་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་ཚོང་ཁང་ཁག་གཅིག་གི་གློག་སྒུལ་རྐང་འཁོར་དང་དངོས་ཟོག་མཉམ་དུ་བཞག་པ་དང་། ཁུལ་ཆུང་གི་བར་འཁྱམ་དུ་གློག་སྒུལ་རྐང་འཁོར་གང་བྱུང་དུ་བཞག་པ། གློག་གསོག་སྒྲིག་ཆས་ཀྱི་གློག་སྐུད་རྙིང་པ་ཆགས་པ་སོགས་ཀྱི་ཉེན་ཁར་དམིཌ་ནས། ཁྲིམས་འཛིན་མི་སྣས་ས་གནས་ས་ཐོག་ཏུ་འབྲེལ་ཡོད་འགན་འཁུར་བར་གནད་དོན་གྱི་གནོད་འཚེ་སྟོན་པ་དང་། བཅོས་སྒྲིག་གི་བརྡ་ཐོ་བཏང་བ། བཅོས་སྒྲིག་གི་དུས་བཅད་དང་བླང་བྱ་ཁ་གསལ་བཏོན་པ་མ་ཟད། བཅོས་སྒྲིག་བྱེད་ཐབས་བཟོས་ནས་མཛུབ་ཁྲིད་བྱས་པ་དང་འཕྲལ་དུ་བཅོས་སྒྲིག་ཐུབ་པའི་མངོན་མེད་རྐྱེན་ངན་ས་གནས་ས་ཐོག་ཏུ་བཅོས་སྒྲིག་དང་གནས་སྐབས་བཅོས་སྒྲིག་བྱེད་ཐབས་བྲལ་བའི་གནད་དོན་ཐོ་བརྒྱབ་ནས་རྗེས་སྙེག་ལྟ་སྐུལ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།