ལྷག་བསམ་དག་པའི་ཉེན་རྟོག་བླ་སྲོག་བཏོད། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད།
—— རང་ལྗོངས་ཀྱི་ས་གནས་ཁག་གིས་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པར་རྟེན་འབྲེལ་གཟབ་རྒྱས་ཞུས་པ།

འདི་ནི་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས་ཉེན་རྟོག་པའི་དར་ཆ་སྒྲེང་བའི་མཛད་སྒོ་འཚོག་བཞིན་པ།

འདི་ནི་གོ་གནས་སྤར་བའི་ཉེན་རྟོག་པར་དཔུང་རྟགས་སྤྲོད་པའི་མཛད་སྒོ་འཚོག་བཞིན་པ།

འདི་ནི་ཉིང་ཁྲི་སྤྱི་བདེ་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འཁྲབ་སྟོན་བྱས་པའི་ལེ་ཚན《རྣོ་གྲི·2026》ཡིན་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་སྤྱི་བདེས་སྒྲིག་ཆས་སྟོན་བཞིན་པ།

འདི་ནི་མི་དམངས་ཉེན་རྟོག་པས་དམག་ཁྱི་ཁྲིད་དེ“ཨ་ལོང་མེ་འབར”སྒྲོལ་རྩལ་ངོམ་བཞིན་པ།

འདི་ནི་མི་དམངས་ཉེན་རྟོག་པས་གསར་བརྗེའི་མེས་པོ་རྣམས་ཀྱི་འབད་འཐབ་ཀྱི་ལོ་རྒྱུས་ལ་བསྐྱར་དྲན་བྱེད་བཞིན་པ།
ཟླ་1ཚེས་10ཉིན་ནི་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པ་ཡིན་ཞིང་། རང་ལྗོངས་ཀྱི་ས་གནས་ཁག་གི་སྤྱི་བདེ་དང་མཐའ་མཚམས་ཞིབ་བཤེར་ས་ཚིགས་སོགས་སྡེ་ཚན་གྱིས“ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་སྒྱུར་དྲང་གཞག སྒྲིག་ཁྲིམས་ནན་པོ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས། ཉེན་རྟོག་དར་ཆ་སྒྲེང་བ་དང་། དམ་བཅའ་བསྐྱར་དུ་འཇོག་པ། ཉེན་རྟོག་སྒར་ས་སྒོ་འབྱེད། ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ཉེན་རྟོག་པའི་སེམས་པ་གཅིག་ཏུ་སྒྲིལ་བ་དང་ལྷག་བསམ་ལ་ཞུན་བརྡར་བྱས་ཏེ། ཉེན་རྟོག་པ་དང་མི་དམངས་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་ནས། ས་མཐོའི་ཉེན་རྟོག་དཔུང་སྡེའི་འགན་སེམས་གང་ལེགས་མངོན་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་། འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག ལེགས་རྩེ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་སོགས་སྡེ་ཚན་གྱིས་སྔ་རྗེས་སུ་ཉེན་རྟོག་དར་ཆ་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། ཉེན་རྟོག་དར་ཆ་སྲུང་སྐྱེལ་པས་གོམ་སྟབས་བརྟན་པོ་སྤོས་ནས་ཉེན་རྟོག་དར་ཆ་སྲུང་སྐྱེལ་བྱས་པ་དང་། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་སྤྱི་བདེའི་ལས་གོས་གྱོན་ནས་སྒམ་བརླིང་ངང་གྲལ་བསྟར་འགྲིག་པོས་ལངས་ཏེ་དལ་བུར་སྒྲེང་བའི་ཉེན་རྟོག་དར་ཆར་གུས་འདུད་ཞུས་ཤིང་། རྔམ་བརྗིད་ལྡན་པའི་ཉེན་རྟོག་གླུ་དབྱངས་ཁྲོད་ལས་རིགས་དེར་བཅངས་པའི་དད་གུས་དང་འགན་འཁྲི་བརྟན་སྲུང་བྱེད་ལུགས་མཚོན་པར་བྱས་པ་རེད།
བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས་ཉེན་རྟོག་པར་གོ་གནས་སྤོར་བའི་མཛད་སྒོ་དུས་གཅིག་ཏུ་འཚོགས་ཤིང་། ས་ཡུལ་དངོས་སུ་གོ་གནས་སྤོར་བའི་བཀའ་རྒྱ་སྒྲོག་སྦྱངས་བྱས་པ་དང་འབྲེལ། མི་དམངས་ཉེན་རྟོག་པའི་འཐུས་མིར་ཉེན་རྟོག་པའི་གོ་ཐོབ་དཔུང་རྟགས་སྤྲད་པ་དང་། གསར་དུ་གོ་གནས་སྤར་བའི་མི་དམངས་ཉེན་རྟོག་པ་ཚོས། གཟི་བརྗིད་སྒུལ་ཤུགས་སུ་བསྒྱུར་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་གྱི་ཡིན་ཞེས་བརྗོད་པ་རེད།
ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་དར་ཆ་སྒྲེང་བའི་མཛད་སྒོར་ཉེན་རྟོག་དར་ཆ་དམར་པོ་དང་ཉེན་རྟོག་པའི་ལས་གོས་སྔོ་ནག་གཉིས་གཅིག་ལ་གཅིག་རྒྱན་དུ་གྱུར་པ་དེ་ལས་དཔུང་ཁག་གི་སྙིང་སྟོབས་ཆེན་པོ་མངོན་བཞིན་ཡོད།
ལྷ་ས་དབན་ཏཱ་ཐང་ཆེན་དུ་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བོད་རྒྱ་སྐད་ཡིག་གཉིས་ཀྱི་བཅའ་ཁྲིམས་དྲི་བ་དྲིས་ལན་གྱི་བྱེད་སྒོར་ཞུགས་མཁན་དང་དམིགས་བསལ་ཉེན་རྟོག་པའི་འཐབ་རྩལ་ནང་སྦྱོང་སོགས་ལ་ལྟ་མཁན་གྲོང་མི་མང་པོ་བྱུང་བ་དང་། མི་དམངས་ཉེན་རྟོག་པས་དམངས་ཕན་བློ་འདྲི་དང་བདེ་འཇགས་དྲིལ་བསྒྲགས་དངོས་རྫས་སྤྲོད་པ་སོགས་བྱས་ཏེ། བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་བ་དང་། “ང་དང་ཉེན་རྟོག་པ་མཉམ་དུ་པར་ཞིག་རྒྱག”ཅེས་པ་སོགས་མཉམ་འགུལ་ལྷུ་ཚིགས་ལས་མང་ཚོགས་དང་ཉེན་རྟོག་པའི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད་པ་རེད།
ཉིང་ཁྲི་གྲོང་ཁྱེར་གྱིས་ཀོང་པོའི་སྤྱི་གླིང་བདེ་སྐྱིད་ཐང་ཆེན་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཉེན་རྟོག་པའི་སྒྲིག་ཆས་འགྲེམས་སྟོན་བྱས་ཤིང་། མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་བཅའ་ཁྲིམས་སྐོར་གྱི་དོགས་གཞི་སྣ་ཚོགས་ལ་ངང་རྒྱུད་རིང་པོས་ལན་བརྒྱབ་པ་དང་། ཆེད་ལས་ཀྱི་ཐོག་ནས་སྒྲིག་ཆས་ཀྱི་ནུས་པ་གསལ་སྟོན་བྱས་ཏེ་ཆེད་ལས་ཀྱི་བྱང་ཚད་ཕུལ་བྱུང་མངོན་པར་བྱས་ཡོད།
ས་གནས་ཁག་གི་བྱེད་སྒོས་དཔུང་ཁག་གི་ཆབ་སྲིད་གཤིས་རྒྱུད་ལ་སྦྱོང་བརྡར་ཐུབ་པ་མ་ཟད། བདེ་འཇགས་བོད་ལྗོངས་མཉམ་སྐྲུན་གྱི་མཉམ་ཤུགས་ཆེན་པོའང་གཅིག་སྒྲིལ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།