དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་རླངས་འཁོར་ནང་གི་རྒྱུ་ནོར་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-20

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་མྱུལ་ཞིབ་རྩད་གཅོད་བྱས་ཏེ། རླངས་འཁོར་ནང་གི་རྒྱུ་ནོར་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་1བཟུང་བ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་མང་ཚོགས་སངས་ཆེ་གེ་མོས། ལམ་མདོར་བཞག་པའི་རང་ཉིད་ཀྱི་རླངས་འཁོར་ནང་གི་དངུལ་སྨར་སྒོར་ཁྲི་2ལྷག་ཙམ་བརླག་པའི་སྐོར་ཞུས་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་འཕྲལ་མར་གྱོད་གཞི་ཐོན་ཡུལ་དུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་རྩད་ཞིབ་དང་། འདྲི་རྩད་གྲལ་བཤེར་སོགས་བརྟག་དཔྱད་དཔང་ལེན་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད། མྱུལ་ཞིབ་ཞིབ་ཕྲ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་སུ་ཡིན་མིན་དང་གང་དུ་ཡོད་མེད་རྩད་ཆོད་དེ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་འཛིན་རྒྱུའི་བྱ་སྤྱོད་སྤེལ་བ་དང་། མཐར་གཞིས་རྩེ་གྲོང་ཁྱེར་གྱི་བོད་ཟས་ཁང་ཞིག་ནས་ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོ་བཟུང་བ་རེད།

    འདྲི་རྩད་བྱས་པ་བརྒྱུད། བསྟན་ཆེ་གེ་མོས་རང་ཉིད་ཀྱི་ཉེས་གསོག་སྦ་གསང་མེད་པར་ངོས་ལེན་ཞུས་ཤིང་། ཁོ་པས་ཉིན་དེའི་ཐོ་རེངས་སུ་རྒྱལ་རྩེ་རྫོང་གི་ལམ་དུམ་ཁག་ཏུ་འཁྱམས་མྱུལ་བྱེད་སྐབས་ལམ་མདོར་བཞག་པའི་རླངས་འཁོར་ཞིག་གི་སྒོ་བརྒྱབ་མེད་པ་ཤེས་ཏེ་རླངས་འཁོར་ནང་གི་དངུལ་སྨར་བརྐུས་ནས་བྲོས་པའི་སྐོར་བཤད།

    མིག་སྔར། ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོ་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།