དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་​“ཉེན་རྟོག་དཔུང་སྡེར་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་། གསར་བརྗེའི་བླ་སྲོག་བཏོད་ནས་འགན་སེམས་ཆེ་རུ་གཏོང”ཞེས་པའི་ལོ་ཆུང་ཉེན་རྟོག་སློབ་གྲྭར་སྐྱོད་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-16

    ཉེ་ཆར་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང(གཤམ་དུ་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཨུད་ཞེས་བསྡུ་རྒྱུ)གིས་གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུད་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་དང་མཉམ་འབྲེལ་བྱས་ཏེ། “ཉེན་རྟོག་དཔུང་སྡེར་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་། གསར་བརྗེའི་བླ་སྲོག་བཏོད་ནས་འགན་སེམས་ཆེ་རུ་གཏོང”ཞེས་པའི་ལོ་ཆུང་ཉེན་རྟོག་སློབ་གྲྭར་སྐྱོད་པའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། ཆེད་ལས་རྩལ་ནུས་བསྟན་ཏེ་བྱེད་སྒོའི་འགོ་བཙུགས་ཤིང་། དམིགས་བསལ་ཉེན་རྟོག་རུ་མི་ཚོས་ངོ་མཚར་ཆེ་བའི་རྩལ་ནུས་ལས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོའི་དགའ་བསུ་ཡང་ཡང་ཐོབ་པ་རེད། མི་མེད་གནམ་གྲུས་ཉེན་རྟོག་དམག་དར་གོ་རིམ་ལྡན་པའི་ངང་མཁའ་དབྱིངས་སུ་འཕྱར་བ་དང་། ཉེན་རྟོག་སྦག་སྦག་གིས་འཐབ་རྩལ་སྣ་ཚོགས་ངོམ། འཛིན་བཟུང་འཐབ་འཛིང་དང་མེ་མདའ་བཀོལ་སྤྱོད་བྱེད་རིང་རུ་མི་ཚོས་བྱ་སྤྱོད་ཚད་ལྡན་དང་བཀོལ་སྤྱོད་ཡག་པོ་བྱས་ཏེ་དངོས་འཐབ་ཅན་འཛུཌ་སྐྱོང་གི་གྲུབ་འབྲས་གང་ལེགས་མངོན་ཞིང་། མཐོ་འཛེག་ཐག་དཔྱངས་ཀྱི་རྩལ་ནུས་ངོམ་རིང་རུ་མི་ཚོ་མཐོ་ས་ནས་ཐག་པར་དཔྱངས་ནས་མགྱོགས་མྱུར་ཐང་ལ་བབས་པ་དང་། ཉེན་རྟོག་རྫི་ཁྱིའི་བྱང་གོམས་ཆེ་བའི་རྩལ་ནུས་ལས་ལོ་ཆུང་ཚོས་དགའ་འབོད་ཡང་ཡང་བྱས།

    རྩལ་ནུས་ངོམ་སྟོན་མཇུག་འགྲིལ་རྗེས། ཁྲབ་ལྡན་རླངས་འཁོར་དང་། ཉེན་རྟོག་མེ་མདའ། འབར་སེལ་འཕྲུལ་མི་སོགས་སྔོན་ཐོན་སྒྲིག་ཆས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་དམིགས་བསལ་ཉེན་རྟོག་རུ་མི་ཚོས་སྒྲིག་ཆས་སྤྱོད་སྟངས་དང་། སྤྱོད་གོ བཀོལ་སྤྱོད་ཚད་གཞི་བཅས་ལ་དམིགས་ནས་གུང་གཞོན་སྡེ་ཚོགས་ཀྱི་རུ་མིར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ་དཔེ་སྟོན་ཡང་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།