དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྦྱོང་བརྡར་ལེགས་པར་སྤྲས། མ་བྱུང་སྔོན་འགོག་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-15

    འདི་ནི་མེ་ཏོག་རྫོང་དུ་བཅའ་སྡོད་སྤོ་བོ་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་མེ་ཏོག་ཡན་ལག་རུ་ཁག་གིས་མེ་གསོད་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་མེ་ཏོག་རྫོང་དུ་བཅའ་སྡོད་སྤོ་བོ་རྫོང་ནགས་ཚལ་མེ་གསོད་རུ་འབྲིང་མེ་ཏོག་ཡན་ལག་རུ་ཁག་གི་རུ་མི་མཉམ་དུ་འཛོམས་ནས་ནང་སྦྱོང་བྱ་ཡུལ་དུ་སྐྱོད་བཞིན་པ།

    ད་ལོ་དགུན་ཁ་དང་དུས་སང་དཔྱིད་ཀའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་སྡེ་ཚན་མང་པོའི་རོགས་ལས་མཉམ་འཐབ་ཀྱི་ནུས་པར་ཞིབ་བཤེར་བྱ་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གིས་དགུན་དཔྱིད་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད། ད་ཐེངས་ཀྱི་ནང་སྦྱོང་ནང“དངོས་འཐབ་ཅན་དང་། བརྒྱུད་རིམ་ཧྲིལ་པོ། མཉམ་ལས་ཆེན་པོ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་པ་དང་ཁྱོན་མི་130ལྷག་ཙམ་ནང་སྦྱོང་ལ་ཞུགས་པའི་སྐུལ་སློང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།