དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ལྷ་སའི་ཉེན་སྲུང་ཁུལ་གྱི་2026ལོའི་དམག་དོན་སྦྱོང་བརྡར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-13

    དམར་འཛིང་སྦྱོང་བརྡར་བྱེད་བཞིན་པ།

    དམར་འཛིང་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་མི་མེད་གནམ་གྲུའི་ཡན་ལག་རུ་ཁག་གིས་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་སྨི་400ཟིན་པའི་འགག་སྒྲོལ་སྦྱོང་བརྡར་བྱེད་བཞིན་པ།

    ཉེ་ཆར། བོད་ལྗོངས་ལྷ་སའི་ཉེན་སྲུང་ཁུལ་གྱིས་2026ལོའི་དམག་དོན་སྦྱོང་བརྡར་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད། སྦྱོང་བརྡར་འགོ་འཛུགས་རྒྱུའི་སྐུལ་སློང་བྱས་རྗེས། ཉེན་སྲུང་ཁུལ་ཏང་ཨུད་དང་ལས་ཁུངས་ཀྱི་ཁོངས་མི་ཐོག་མར་སྦྱོང་བརྡར་ཁུལ་དུ་བསྐྱོད་ནས་མདེའུ་དངོས་རྒྱག་པའི་སྦྱོང་བརྡར་བྱས་ཏེ། ལོ་འཁོར་གསར་པའི་དམག་དོན་སྦྱོང་བརྡར་ལ་གཟབ་ནན་དང་དོན་དངོས་ཀྱི་ཁྲིད་སྟོན་གསལ་པོ་ཞིག་བྱས་ཡོད་པ་རེད།

    སྦྱོང་བརྡར་ཁུལ་དུ་ཡོད་པའི་དཔོན་དམག་རྣམས་གྲུང་ཤ་དོད་ཅིང་། དཔོན་དམག་ཚོས་བཀའ་འབྱོར་འཕྲལ་སྒྲུབ་ཀྱིས་མགྱོགས་མྱུར་དམག་སྦྱོང་བྱ་ཡུལ་དུ་སྐྱོད། དམར་འཛིང་ལུས་རྩལ་དང་། དམག་རྩལ་འབོག་སན། མཚོན་ཆ་ཡང་བའི་རིགས་འཕེན་གཏོང་། སྨི་བཞི་བརྒྱའི་འགག་སྒྲོལ་སོགས་ཀྱི་རྣམ་གྲངས་མང་པོ་བསྟུད་མར་སྤེལ་བ་དང་། དམར་འཛིང་ལུས་རྩལ་དང་དམག་རྩལ་འབོག་སན་གྱི་དམག་སྦྱོང་བྱེད་རིང་འཐབ་འཛིང་པ་རྣམས་གྲལ་སྟར་སྒྲིག་པ་དང་ངར་ཤུགས་ཀྱིས་ཁེངས་པའི་དམག་སྦྱོང་གི་ཉམས་འགྱུར་ལས་དུས་དང་རྣམ་པ་ཀུན་ཏུ་གཡུལ་སར་བསྐྱོད་ཐུབ་པའི་དམག་དཔུང་ཧྲག་པོའི་དཔའ་ཉམས་མངོན་ཡོད།

    “དམག་འཐབ་ནང་ང་རང་ཞུགས། ང་རང་རྣམ་པར་རྒྱལ་ངེས་ཡིན”འཐབ་འཛིང་པ་ཝུའུ་ཧན་གྱིས་སྦྱོང་བརྡར་གྱི་བར་གསེང་དུ་རྔུལ་ཆུ་ཕྱིས་བཞིན“གྲང་ངར་ཆེན་པོ་ཡོད་ཀྱང་ཚང་མ་སྦྱོང་བརྡར་ནང་ཞུགས་པའི་ངར་ཤུགས་སྔར་བས་ཆེ་རུ་ཕྱིན་འདུག་ལ་ལས་འགན་ཚང་མ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལེགས་སྒྲུབ་བྱེད་ཀྱི་ཡོད”ཅེས་བརྗོད།

    “ལས་འགན་དང་འགན་འཁྲིའི་འགྱུར་ལྡོག་གསར་པ་དང་འཕྲལ་སྡོམ་དམག་འཐབ་ཀྱི་བླང་བྱ་གསར་པར་དམིགས་ནས”ཉེན་སྲུང་ཁུལ་གྱི་འགོ་ཁྲིད་ཀྱིས“ཉེན་སྲུང་ཁུལ་གྱི་དཔུང་སྡེས་དངོས་འཐབ་རང་བཞིན་དང་ཁ་གཏད་རང་བཞིན་གྱི་ཚན་པའི་སྦྱོང་བརྡར་ཤུགས་ཆེན་བྱས་ཏེ། དུས་རྒྱུན་འཕྲལ་སྡོམ་ཐུབ་པ་དང་དམག་འཁྲུག་སྐབས་འཐབ་ཐུབ་པའི་བླང་བྱ་ལྟར་རྒྱུན་རྣམ་ཅན་གྱི་སྦྱོང་བརྡར་དང་རྒྱུན་རྣམ་ཅན་གྱི་དམག་འཁྲུག་གི་གྲ་སྒྲིག་ལ་སྐུལ་ཁྲིད་བྱས་ནས། དཔུང་སྡེ་རྣམ་པར་རྒྱལ་བའི་ནུས་པ་དུས་དང་རྣམ་པ་ཀུན་ཏུ་སྦྱོང་བརྡར་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ཉེན་སྲུང་ཁུལ་གྱི་དཔུང་སྡེས་རྩ་བའི་ཚད་གཞི་འབའ་ཞིག་ཡིན་པའི་འཐབ་ནུས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། དངོས་འཐབ་གྲ་སྒྲིག་དང་དངོས་འཐབ་དངོས་སྦྱོང་གིས་དམག་སྦྱོང་དང་དམག་གྲབས་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།