ཉིང་ཁྲི་གྲོང་ཁྱེར་གྱིས་བདེ་འཇགས་ཐོན་སྐྱེད་དང་ཉེན་ཁ་སྔོན་འགོག་སྐོར་ལ་ཆེད་དོན་གསོ་སྦྱོང་བྱས་པ།

འདི་ནི་གསོ་སྦྱོང་བྱ་ཡུལ་ཡིན་པ།
གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཉེ་དུས་བདེ་འཇགས་ཐོན་སྐྱེད་དང་ཉེན་ཁ་སྔོན་འགོག་གི་ཉིང་ཁྲི་ལྟེ་བའི་ཉིང་ལག་ཀུང་སིས་ཉིང་ཁྲི་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་དུ“གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ཉེན་ཁ་སྔོན་འགོག་གི་ཆེད་དོན་གསོ་སྦྱོང་ཚོགས་འདུ” འཚོགས་ཤིང་། ད་ཐེངས་ཀྱི་གསོ་སྦྱོང་ནང“ཚོགས་ར་གཙོ་བ་དང་རྫོང་དང་ཆུས་ཀྱི་ཡན་ལག་ཚོགས་ར”ཟུང་དུ་འབྲེལ་བའི་མཉམ་འགུལ་བྱེད་སྟངས་སྤྱད་དེ། འཛུགས་སྐྲུན་ལས་གྲྭ་དང་། ཉེན་ཁའི་རྫས་འགྱུར་དངོས་རྫས། བཟོ་ལས་དང་ཚོང་དོན་སོགས་བདེ་འཇགས་ཐོན་སྐྱེད་ཀྱི་འགག་རྩའི་ཁྱབ་ཁོངས་ཚུད་པའི་གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་གཙོ་གནད་ཁེ་ལས་133ལ་ནུས་ལྡན་ཁྱབ་པར་བྱས་པས། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད་པ་རེད།
གསོ་སྦྱོང་བྱེད་རིང་། ཉིང་ཁྲི་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་འགན་འཁུར་བ་གཙོ་བོས་དུས་བབ་གསར་པའི་འོག་གི་བདེ་འཇགས་ཐོན་སྐྱེད་ཀྱི་འགོག་རགས་བརྟན་པོ་བསྐྲུན་པའི་དོན་སྙིང་གལ་ཆེན་དང་དགོས་གཏུག་གི་བླང་བྱར་འགྲེལ་བཤད་གཏིང་ཟབ་བྱས་ཡོད། གསོ་སྦྱོང་གི་ཕན་འབྲས་དངོས་ཆེ་རུ་གཏོང་ཆེད། གསོ་སྦྱོང་གི་ནང་དོན་གཙོ་བོ་དངོས་སྒྲུབ་ལ་དམིགས་ནས་དཔེ་མཚོན་གྱི་བདེ་འཇགས་ལས་འཛོལ་གྱི་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་དང་ཉེན་ཁ་འགོག་ཟོན་ལ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་མ་ཟད། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་འགན་བཅོལ་དང་དེ་བཞིན་དེའི་ཉེན་ཁ་ཆུང་དུ་གཏོང་བའི་ཞབས་ཞུའི་ལྟེ་བའི་རིན་ཐང་དང་ལག་ལེན་གྱི་ཐབས་ལམ་ལ་ཆེད་དོན་ངོ་སྤྲོད་ཡང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།