དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བརྩེ་སེམས་ཟབ་མོས་མི་བཟང་ལས་བཟང་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09

    འདི་ནི་མེ་གསོད་མི་སྣས་གཙང་སྦྲ་བྱེད་བཞིན་པ།

    འདི་ནི་འཕྲོད་བསྟེན་མི་སྣས་རྫོང་རྒན་གསོ་ཁང་གི་རྒན་རྒོན་ལ་ཁྲག་ཤེད་ལྟ་བཞིན་པ།

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གི་མེ་གསོད་མི་སྣས་ལྷད་མེད་ཀྱི་བརྩེ་སེམས་ཟབ་མོ་བཅངས་ནས་གྲ་སྒྲིག་ཞིབ་ཚགས་བྱས་པའི་འཚམས་འདྲིའི་དངོས་པོ་ཁྱེར་ཏེ་རྫོང་རྒན་གསོ་ཁང་དུ་འཚམས་འདྲི་དང་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་མེ་གསོད་མི་སྣ་ཚོས་རང་སོ་སོའི་ལེགས་ཆ་གང་ཡོད་བཏོན་ཞིང་། འཕྲོད་བསྟེན་མི་སྣས་དོ་དོ་ནན་ནན་གྱིས་རྒན་རྒོན་མི་རེ་ངོ་རེར་ཁྲག་ཤེད་བལྟས་ནས་སེམས་ཁུར་ཆེན་པོས་ཁོང་ཚོའི་གཟུགས་པོ་བདེ་ཐང་གི་གནས་ཚུལ་སྐད་ཆ་དྲིས་པ་དང་སྦྲགས་ངང་རྒྱུད་རིང་པོས་བདེ་སྲུང་རྒྱུན་ཤེས་ལ་འགྲེལ་བཤད་བརྒྱབ་པ་རེད། “སྐྲ་བཞར་མཁན”གྱིས་ལག་རྩལ་བྱང་ཆུབ་པོས་རྒན་རྒོན་ཚོའི་སྐྲ་བཞར་བ་དང་། མེ་གསོད་མི་སྣ་གཞན་དག་གིས་ཕྱགས་མ་ཁྱེར་ནས་སྒོ་ར་དང་སྤྱི་པའི་ཁུལ་ལ་གཙང་སྦྲ་ལེགས་པར་བྱས་པས་རྒན་གསོ་ཁང་གི་ཁོར་ཡུག་ཁམས་གཙང་དུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།