བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས།
བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས་ནས་མཐའ་མཚམས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ།
ཉེ་ཆར་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས“མཐའ་མཚམས་དོ་དམ་ཚོད་འཛིན་དང་དམངས་ཕན་ཞབས་ཞུའི”འགན་ནུས་ཀྱི་ངེས་གནས་ལ་དམ་པོར་གཞིགས་ཏེ“འགག་སྒོའི་གཡུལ་སའི”བཅའ་ཁྲིམས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱས་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་འགག་སྒོའི་འཐབ་ཕྱོགས་དང་པོ་དང་། མཐའ་མཚམས་གྲོང་ཚོ། ཚོང་འདུས་ཁྲོམ་བཀྱག་བཅས་སུ་རྩ་བ་ཚུགས་རྒྱུར་སྐུལ་འདེད་བཏང་ཡོད།
བྱེད་སྒོ་སྤེལ་རིང་ཁྲིམས་སྒྱུར་བརྟག་དཔྱད་རུ་ཁག་ཁག་གིས་འགག་སྒོ་ལྟེ་བའི་གཡུལ་སར་བྱས་ནས་ཡུལ་རྣམ་མི་འདྲ་བར་དམིགས་ཏེ་དབྱིངས་ཚུད་རྣམ་པའི་ཁྲིམས་ལུགས་ཁྱབ་གདལ་གཏོང་ཡུལ་བསྐྲུན་ནས་ཁྲིམས་སྐྱོང་ཞབས་ཞུ་དང་འགག་སྒྲོལ་ལས་རིམ་དུས་མཉམ་དུ་སྤེལ་ཡོད། སྤུ་ཧྲེང་རྫོང་གི་ཚོང་འདུས་དྲིལ་བསྒྲགས་ས་ཚིགས་སུ་མི་དམངས་ཉེན་རྟོག་པས་གོ་བདེ་རྟོགས་སླའི་སྐད་ཆའི་ཐོག་ནས་རྩ་ཁྲིམས་དྲིལ་བསྒྲགས་ལག་དེབ་ཀྱི་ནང་དོན་གཙོ་བོར་གསལ་འགྲེལ་བྱས་པ་དང་། སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དང་འོས་འགན་དང་། འདྲ་མཉམ་སྲུང་སྐྱོང་། ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་བཅའ་ཁྲིམས་དོན་ཚན་ལ་དམིགས་ནས་གསོན་ཉམས་དོད་པའི་འགྲེལ་བཤད་བརྒྱབ་པ། འགྲམ་འགག་སྒོའི་གུག་ཆ་གསུམ་གྱི་ལས་སྒྲུབ་ས་ཚིགས་སུ་ཉེན་རྟོག་པས་དྲིལ་བསྒྲགས་བློ་འདྲི་དང་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་གྱི་ཁ་ལོ་བ་དང་། འགྲུལ་པ། དེ་བཞིན་མཐའ་འཁོར་མང་ཚོགས་བཅས་ལ་དྲིལ་བསྒྲགས་གནད་འཁེལ་བྱས་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ནང་གི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ནང་དོན་ལ་གཙོ་གནད་ཐོག་གསལ་འགྲེལ་བྱས་པ། སྐྱིད་གྲོང་རྫོང་དུ་མི་དམངས་ཉེན་རྟོག་པས་མཐའ་མཚམས་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་དམིགས་ཏེ་སློབ་གྲྭ་དང་། གྲོང་ཚོ། ཁྲོམ་ར་སོགས་སུ་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱ་ཆེ་རུ་བཏང་ཐོག་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་མཐའ་མཚམས་ཀྱི་བདེ་འཇགས་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།