དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས།

    གཞི་རིམ་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་ནུས་ལྡན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-09

    འདི་ནི་མང་ཚོགས་ཀྱིས་རྒྱ་ཚ་རྫོང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་གོས་དར་ཕུལ་ནས་ཐུགས་རྗེ་ཆེ་ཞུ་བཞིན་པ།

     ཉེ་ཆར། རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་མང་ཚོགས་ཀྱིས་རང་འགུལ་ངང་གོས་དར་བསྟུད་མར་བསྐྱལ་བ་རེད། “མི་དམངས་ཀྱི་གྱོང་གུན་སེལ་བའི་ལས་ཕྱོད་ཆེ”དང“བློ་གཅིག་སེམས་གཅིག་གིས་དམངས་ཆེད་དོན་དངོས་སྒྲུབ”སོགས་འཁོད་པའི་གོས་དར་བསྐྱལ་བ་ལས་རྒྱ་ཆེའི་མང་ཚོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཚད་མཐོའི་ཁས་ལེན་བྱས་པ་མཚོན་ཡོད། དེ་དག་ཚང་མ་ནི་ལྟེ་གནས་ཀྱིས་འགལ་བ་དང་རྩོད་གཞི་སེལ་བ་དང་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བའི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།

    ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་ནས་བཟུང་རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ཐོག་མཐའ་བར་གསུམ་དུ“འགལ་བ་ས་ཆ་དེ་རང་ནས་ཐག་གཅོད་བྱེད་པ་དང་། དུས་བདེ་འགན་ལེན་བྱས་ནས་གནད་དོན་མི་ཐོན་པ་བྱེད་པ། ཞབས་ཞུ་ཧུར་ཐག་སྒྲུབ་པ”བཅས་ཀྱི་དམིགས་ཚད་ལ་དམིགས་ནས“ཕྱོགས་བསྡུས་བཅོས་སྐྱོང་གིས་སྣེ་ཁྲིད་དང་། སྡེ་ཚན་མཉམ་འགུལ། སྣ་མང་ཞུགས་པ”བཅས་ཀྱི་འགལ་བ་དང་རྩོད་གཞི་སྣ་ཚོགས་སེལ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཁྲིམས་འཛིན་དང་། སྲིད་འཛིན། མི་དམངས་འདུམ་འགྲིག་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ“གཅིག་འཐུས་རྣམ་པའི་བདག་སྤྲོད་དང་སྡེབ་གཅིག་ཐག་གཅོད”མངོན་འགྱུར་བྱུང་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན། འགལ་བ་དང་རྩོད་གཞི་ཁག་80བདག་སྤྲོད་བྱས་པའི་ནང་གྱོད་གཞི་79འདུམ་འགྲིག་བྱུང་ནས་འདུམ་འགྲིག་བྱེད་ཚད་98.7%ཟིན་པས། འགལ་བ་མང་ཆེ་བ་གཞི་རིམ་དུ་སེལ་བ་དང་ཆུང་ས་ནས་ཐག་གཅོད་ཐུབ་ཡོད་པ་རེད།

    “གོས་དར་རེ་རེ་ནི་གཟི་བརྗིད་མཚན་སྙན་རེད་ལ་དེ་བས་འགན་འཁྲི་ཞིག་ཀྱང་རེད”རྒྱ་ཚ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་ལིའུ་ལི་ཡིས། གོམ་སྟབས་རྗེས་མར་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་སྒུལ་ཤུགས་སུ་བྱས་ནས་འགལ་བ་དང་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་བརྒྱུད་རིམ་ལེགས་སུ་གཏོང་བ། འདུམ་འགྲིག་ནུས་པ་ཆེ་རུ་གཏོང་བ། འགལ་བ་འབྱུང་རྩ་ནས་མེད་པར་བཟོ་བ། གཞི་རིམ་དུ་ཐག་གཅོད་ཧུར་ཐག་བྱེད་པ་བཅས་བྱས་ཏེ་དུས་བདེའི་རྒྱ་ཚ་དང་ཁྲིམས་སྐྱོང་རྒྱ་ཚ་སྐྲུན་པར་སྟོབས་ཤུགས་སྔར་བས་ཆེ་བ་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།