“ལོ་ལྔ་ཚན་བཅུ་བཞི་པའི”རིང་།
བོད་ཀྱི་དེང་རབས་ནོར་སྲིད་ལམ་ལུགས་ཀྱི་སྒྲོམ་གཞི་སྤྱིར་ན་གཏན་འཁེལ་བྱུང་བ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་རིམ་པ་སྟར་ཆགས་ངང་སྤྱོད་གོ་ཆོད་པའི་སྒྱུར་བཅོས་བྱེད་ཐབས་ཁག་གཅིག་བཏོན་པས། བོད་ཀྱི་དེང་རབས་ནོར་སྲིད་ལམ་ལུགས་ཀྱི་སྒྲོམ་གཞི་སྤྱིར་ན་གཏན་འཁེལ་བྱུང་བ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། རང་ལྗོངས་ཀྱིས“ལས་རྗེས་སྔོན་རྩིས་སྟོན་ཕྱོགས་སུ་བྱེད་པ་དང་། གཞི་གྲངས་མེད་པའི་སྔོན་རྩིས་དམ་འཛིན་བྱ་གཞིར་བྱེད་པ། ཆ་འཕྲིན་མ་ལག་འདེགས་སྐྱོར་དུ་བྱེད་པ”བཅས་ཀྱི“2+1”ནོར་སྲིད་ཕྱོགས་བསྡུས་དོ་དམ་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ། ནོར་སྲིད་དོ་དམ་ཚན་རིག་ཅན་དང་། ཚད་གཞི་ཅན། ཚད་མཐུན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། གོ་རིམ་ལྡན་པའི་ངང་རྣམ་གྲངས་ཁག་གི་འགྲོ་སོང་ཚད་གཞིར་སྐུལ་འདེད་བཏང་བ་བརྒྱུད་སྲིད་དོན་ཆ་འཕྲིན་ཅན་གྱི་རྣམ་གྲངས་འཛུགས་སྐྲུན་དང་གླེང་སྟེགས་དང་དུས་ཆེན་གྱི་འགྲེམས་ཚོགས་སོགས་ཀྱི་འགྲོ་སོང་ཚད་གཞི་ཁག་90ལྷག་བཟོས་ཏེ“ཚད་གཞི་ཡོད་པ། ཚད་གཞི་སྤྱོད་པ། ཚད་གཞི་སྲུང་བ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཟང་པོ་ཆགས་པ་དང་། 《ཏང་སྲིད་ལས་ཁུངས་ཀྱིས་ཟ་མཁས་འཐུང་མཁས་ལ་གོམས་པའི་སྔོན་རྩིས་གཅུན་འདོམས་ཀྱི་བྱེད་ཐབས་ཁག་ཉེར་བདུན》བཀྲམ་ནས། འགྲོ་གྲོན་དམ་འཛིན་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་འགྲོ་གྲོན་དམ་འཛིན་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།