དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བསམ་གྲུབ་རྩེ་སྤྱི་བདེས་རྒྱན་ཤོག་བརྐུས་པའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-06

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་གྲོང་ཤར་མངགས་གཏོང་ཁང་གིས་རྒྱན་ཤོག་བརྐུས་པའི་གྱོད་གཞི་ཞིག་མགྱོགས་མྱུར་ཞིབ་བཤེར་ཐག་གཅོད་བྱས་ནས་ཁྲིམས་འགལ་མི་སྣ་1བཟུང་བ་མ་ཟད། བརྐུས་པའི་རྒྱན་ཤོག་ཚང་མ་ཚོང་ཁང་སྦྱིན་བདག་ལ་ཕྱིར་བསློགས་ནས། དུས་ཐོག་ཏུ་མང་ཚོགས་ཀྱི་རྒྱུ་ནོར་གྱོང་གུན་མི་ཕོག་པ་བྱས་པས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    2025ལོའི་ཟླ་12ཚེས་16ཉིན། གྲོང་ཤར་མངགས་གཏོང་ཁང་ལ་ཁོངས་གཏོགས་ཁུལ་གྱི་རྒྱན་ཤོག་ཚོང་ཁང་སྦྱིན་བདག་གིས་ཚོང་ཁང་ནང་གི“ཀྭ་ཀྭ་ལེ”རྒྱན་ཤོག་བརྐུས་འདུག་ཅེས་གྱོད་དོན་སྙན་སེང་འབྱོར་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་ས་ཡུལ་དངོས་ལ་བསྐྱོད་ནས་བརྟག་དཔྱད་བྱེད་འགོ་བཙུགས་པ་རེད། ལྡིར་སོ་སྤྲོས་ཆས་འཐེན་བཤེར་དང་ཚོང་ཁང་སྦྱིན་བདག་ལ་དྲིས་པ་བརྒྱུད། ཉེན་རྟོག་པས་སྐྱེས་པ་ཞིག་གིས་ཚོང་ཁང་ནང་རྒྱན་ཤོག་འདེམས་ཉོ་བྱེད་སྐབས། ཚོང་ཁང་གི་ལས་མི་བྲེལ་འཚུབ་བྱེད་པ་དང་བསྟུན་ནས་ཚོང་སྒྲོམ་སྟེང་གི“ཀྭ་ཀྭ་ལེ”རྒྱན་ཤོག་རང་གི་ལྟོ་ཕད་ནང་བླུགས་ནས་དེ་མུར་བྲོས་པ་ཤེས་རྟོགས་ཐུབ་ཡོད།

    གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་སྒྲུབ་ཉམས་མྱོང་ཕུན་སུམ་ཚོགས་པོར་བརྟེན་ནས་ཁུངས་སྣེ་མགྱོགས་པོ་ཞིབ་དཔྱད་དང་མཐའ་དཔྱོད་ཐུབ་སྟེ། ཁྲིམས་འགལ་བ་ཆོས་ག་གེ་མོ་ཡིན་པ་གཏན་འཁེལ་བྱས་ནས་སྐར་མ་10ཡི་ནང་འཛིན་བཟུང་བྱས་པ་རེད། གྱོད་ཁོངས་སུ་ཚུད་རྗེས། དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ཆོས་ག་གེ་མོས་རྒྱན་ཤོག་བརྐུས་པའི་ཁྲིམས་འགལ་གྱི་ནག་ཉེས་ངོས་ལེན་ཞུས་པ་རེད། མིག་སྔར། ཆོས་ག་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་དང་བརྐུས་པའི་རྒྱན་ཤོག་ཚང་མ་ཚོང་ཁང་གི་སྦྱིན་བདག་ལ་ཕྱིར་སློག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།