དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ར་བཟི་འཁོར་གཏོང་བྱ་རྒྱུའི་ངན་སྐུལ་བྱས་པས་རང་གཞན་གཉིས་ཀར་ཆད་པ་ཕོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-06

    2011ལོར་ར་བཟི་འཁོར་གཏོང་ཉེས་ཁྲིམས་ནང་བཅུག་ཚུན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་སྒྱུར་ནན་པོ་དང་ཁྲིམས་འཛིན་དྲང་གཞག་མཐའ་འཁྱོངས་བྱས་ཏེ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་པས། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པར་བདེ་འཇགས་ངང་རླངས་འཁོར་གཏོང་བའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱ་རྒྱུའི་སློབ་གསོ་སྔར་བས་གཏོང་ཆེད། དུས་ཐེངས་འདིར་སྒྲོལ་མས་ཁྲིམས་ལུགས་བརྗོད་པའི་ནང་མི་གཞན་ལ་ར་བཟི་འཁོར་གཏོང་བྱ་རྒྱུའི་ངན་སྐུལ་བྱས་པས་མཐར་རང་གཞན་གཉིས་ཀར་ཉེས་ཆད་ཕོག་པའི་གྱོད་གཞི་ཞིག་བརྗོད་ཀྱི་ཡིན།

    གྱོད་གཞིའི་གཞི་རྩའི་གནས་ཚུལ།

    ལོ་ཞིག་གི་ཟླ་1ཚེས་21ཉིན་གྱི་དགོང་མོར། ཞུ་སྦྱོར་ཕྱི་མ་ཀྲོའུ་ཆེ་གེ་མོ་དང་ཝུའུ་ཆེ་གེ་མོ་སོགས་མི་དྲུག་གིས་གཞིས་རྩེ་གྲོང་ཁྱེར་གྱི་ཁུལ་ཆུང་ཞིག་ནང་ཁ་ལག་ཟ་ཞོར་ཆང་རག་བཏུངས་པ་དང་། ཟླ་1ཚེས་22ཉིན་གྱི་ཐོ་རེངས་ལ་འདུ་འཛོམས་མཇུག་འགྲིལ་རྗེས་ཝུའུ་ཆེ་གེ་མོས་ཀྲོའུ་ཆེ་གེ་མོ་ཆང་རག་བཏུངས་པ་ཤེས་བཞིན་དུ་ད་དུང་ཀྲོའུ་ཆེ་གེ་མོར་རླངས་འཁོར་བཏང་ནས་རང་ཉིད་ཁྱིམ་དུ་སྐྱེལ་དགོས་པའི་རེ་བ་བཏོན། ཉིན་དེའི་ཐོ་རེངས་ཆུ་ཚོད་00དང་སྐར་མ་26ཙམ་ལ། ཁོ་གཉིས་རླངས་འཁོར་བཏང་ནས་སྐྱོད་སྐབས་ལས་སྒྲུབ་མི་དམངས་ཉེན་རྟོག་པས་འཛིན་བཟུང་བྱས། གསལ་འབྱེད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ཀྲོའུ་ཆེ་གེ་མོའི་ཁྲག་ནང་ཨ་རག་གི་ཉིང་ཁུ་འདུས་ཚད་193.47mg/100m1ཟིན་པས་ར་བཟི་འཁོར་གཏོང་གི་ཁོངས་སུ་གཏོགས་ཀྱི་ཡོད།

    ཁྲིམས་ཁང་གི་འདྲི་ཞིབ།

    ཞུ་སྦྱོར་ཕྱི་མ་ཀྲོའུ་ཆེ་གེ་མོས་ཆང་རག་བཏུངས་པ་ཤེས་བཞིན་དུ་ཞུ་སྦྱོར་ཕྱི་མ་ཝུའུ་ཆེ་གེ་མོས་ད་དུང་ཀྲོའུ་ཆེ་གེ་མོར་རླངས་འཁོར་བཏང་ནས་རང་ཉིད་ཁྱིམ་དུ་སྐྱེལ་དུ་བཅུག་པས་ཞུ་སྦྱོར་ཕྱི་མ་གཉིས་ཀྱི་བྱེད་སྤྱོད་དེ་ཉེན་ཡོད་འཁོར་གཏོང་གི་བྱས་ཉེས་སུ་གྲུབ་པ་མ་ཟད། ཐུན་མོང་ཉེས་གསོག་གི་ཁོངས་སུ་གཏོགས་ནས་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་ཀྲོའུ་ཆེ་གེ་མོར་བཙན་ཉར་ལས་སྐུལ་ཟླ་བ་གསུམ་བྱས་པ་དང་ཟླ་བ་བཞི་ཕྱིར་འགྱངས་བྱས་པ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་3000སྡེབ་གཅོད་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཝུའུ་ཆེ་གེ་མོར(ཐུན་མོང་ཉེས་གསོག་གི་ཁོངས་སུ་གཏོགས)བཙན་ཉར་ལས་སྐུལ་ཟླ་བ་གཉིས་བྱས་པ་དང་ཟླ་བ་གསུམ་ཕྱིར་འགྱངས་བྱས་པ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་3000སྡེབ་གཅོད་བྱས་པ་རེད།

    ཁྲིམས་དཔོན་གྱིས་ཁྲིམས་ཤོད་པ།

    མི་གཅིག་གིས་ར་བཟི་འཁོར་གཏོང་བྱས་པས་མི་གཉིས་ལ་ཉེས་ཆད་ཕོག་པ་རེད། རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་ཁ་ལོ་བ་དང་འགྲུལ་པས་གྱོད་དོན་འདི་བསླབ་བྱར་ལེན་འོས་པ་ཞིག་རེད། ར་བཟི་འཁོར་གཏོང་མི་བྱེད་པ་ནི་སྤྱི་དམངས་ཚང་མར་ལྡན་དགོས་པའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་མཐའ་ཚད་ཅིག་རེད། སྤྱི་དམངས་ཚང་མས་ར་བཟི་འཁོར་གཏོང་མི་བྱེད་པའི་ཁ་ཏ་བསླབ་བྱ་དང་དྲིལ་བསྒྲགས་བྱེད་དགོས་ངེས་རེད།

    བཅའ་ཁྲིམས་དོན་ཚན་འབྲེལ་མཐུད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉེར་དགུ་པའི་ནང【ངན་སྐུལ་ཉེས་གསོག】མི་གཞན་ལ་ཉེས་པ་གསོག་རྒྱུའི་ངན་སྐུལ་བྱས་རིགས་ལ་ཐུན་མོང་ཉེས་གསོག་ཁྲོད་དེས་ཐོན་པའི་ནུས་པར་གཞིགས་ནས་ཉེས་ཆད་གཅོད་དགོས་ངེས་རེད། རང་ལོ་བཅོ་བརྒྱད་མ་ལོན་པའི་མིར་ཉེས་པ་གསོག་རྒྱུའི་ངན་སྐུལ་བྱས་རིགས་ལ་ཉེས་ཆད་ལྕི་པོ་གཅོད་དགོས་ངེས་རེད། གལ་ཏེ་ངན་སྐུལ་བྱ་ཡུལ་གྱིས་ངན་སྐུལ་གྱི་བྱས་ཉེས་བསགས་མེད་ཚེ་ངན་སྐུལ་ཉེས་ཅན་པར་ཆད་པ་ཡང་གཅོད་དམ་བཅའ་ཡང་གཏོང་ཆོག

    དོན་ཚན་བརྒྱ་དང་སོ་གསུམ་པའི་ནང་ཚན། 【ཉེན་ཁའི་སྒོ་ནས་རླངས་འཁོར་བཏང་བའི་བྱས་ཉེས】 གཞུང་ལམ་ཐོག་རླངས་འཁོར་གཏོང་སྐབས་གཤམ་གསལ་གནས་ཚུལ་གྱི་གྲས་ཤིག་ཡོད་ཚེ། བཙན་ཉར་ལས་སྐུལ་བྱ་རྒྱུ་དང་འབྲེལ་དངུལ་ཆད་གཏོང་རྒྱུ་སྟེ། (གཅིག)རྗེས་འདེད་འགྲན་གཏོང་དང་བྱེད་སྤྱོད་ཚབས་ཆེའི་རིགས་དང་། (གཉིས)ར་བཟི་འཁོར་གཏོང་བྱས་རིགས། (གསུམ)སློབ་འཁོར་གཏོང་བའམ་ཡང་ན་འགྲུལ་སྐྱེལ་རླངས་འཁོར་གཏོང་སྐབས་གཏན་འབེབས་ཀྱི་མི་གྲངས་ལས་བརྒལ་ནས་མི་བླུགས་པའམ་ཡང་ན་གཏན་འབེབས་ཀྱི་མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་རིགས། (བཞི)ཉེན་ཆེའི་རྫས་འགྱུར་དངོས་རྫས་ཉེན་མེད་དོ་དམ་གྱི་གཏན་འབེབས་ལས་བརྒལ་ནས་ཉེན་ཆེའི་རྫས་འགྱུར་དངོས་རྫས་དབོར་འདྲེན་བྱས་ཏེ་སྤྱི་པའི་བདེ་འཇགས་ལ་ཉེན་ཁ་བཟོས་རིགས་བཅས། རླངས་འཁོར་གྱི་བདག་པོ་དང་དོ་དམ་པར་གོང་གསལ་ནང་གསེས་ཀྱི་དོན་ཚན་གསུམ་པ་དང་བཞི་པའི་བྱེད་སྤྱོད་ཀྱི་ཐད་ཀའི་འགན་འཁྲི་ཡོད་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལ་གཞིགས་ནས་ཉེས་ཆད་གཏོང་རྒྱུ། གོང་གསལ་ནང་གསེས་དོན་ཚན་གཉིས་ཀྱི་བྱེད་སྤྱོད་ལྡན་པ་དང་ཆབས་ཅིག ནག་ཉེས་གཞན་དག་བསགས་རིགས་ལ་ཆད་པ་ཚབས་ཆེན་གཅོད་རྒྱུའི་གཏན་འབེབས་ལྟར་བྱས་ཉེས་གཏན་འཁེལ་གྱིས་ཉེས་ཆད་གཏོང་རྒྱུ།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས》ནང་གི་དོན་ཚན་གོ་གཅིག་པ།

    ཆང་བཏུངས་འཁོར་གཏོང་བྱས་ཚེ་ཁ་ལོ་བའི་ལག་ཁྱེར་ཟླ་བ་གཅིག་ཡན་ནས་ཟླ་བ་གསུམ་མན་བར་གནས་སྐབས་བཀག་ཉར་བྱ་རྒྱུ་དང་འབྲེལ། སྒོར་ཉིས་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་བར་གྱི་དངུལ་ཆད་གཏོང་རྒྱུ། ར་བཟི་འཁོར་གཏོང་བྱས་ཚེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ར་མ་དྭངས་བར་ཚོད་འཛིན་བྱེད་པ་མ་ཟད། ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱེད་རྒྱུ་དང་ཁ་ལོ་བའི་ལག་ཁྱེར་ཟླ་བ་གསུམ་ནས་དྲུག་བར་གནས་སྐབས་བཀག་ཉར་བྱེད་རྒྱུ་དང་འབྲེལ། སྒོར་ལྔ་བརྒྱ་ཡན་ནས་སྒོར་ཉིས་སྟོང་མན་བར་གྱི་དངུལ་ཆད་ཀྱང་གཏོང་རྒྱུ། ཆང་བཏུངས་ནས་སྐྱེལ་འདྲེན་རླངས་འཁོར་བཏང་ཚེ་ཁ་ལོ་བའི་ལག་ཁྱེར་ཟླ་བ་གསུམ་གནས་སྐབས་བཀག་ཉར་བྱ་རྒྱུ་དང་འབྲེལ་དངུལ་ཆད་སྒོར་ལྔ་བརྒྱ་གཏོང་རྒྱུ། ར་བཟི་ནས་ལས་གཉེར་དང་སྐྱེལ་འདྲེན་རླངས་འཁོར་བཏང་ཚེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ར་མ་དྭངས་བར་ཚོད་འཛིན་བྱ་རྒྱུ་མ་ཟད། ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་ཁ་ལོ་བའི་ལག་ཁྱེར་ཟླ་བ་དྲུག་གནས་སྐབས་བཀག་ཉར་བྱ་རྒྱུ་དང་འབྲེལ། དངུལ་ཆད་སྒོར་ཉིས་སྟོང་གཏོང་རྒྱུ།

    ལོ་གཅིག་གི་ནང་གོང་གསལ་ནང་གསེས་དོན་ཚན་གཉིས་ནང་འཁོད་པའི་ར་བཟི་འཁོར་གཏོང་གི་བྱེད་སྤྱོད་ཡོད་པ་མ་ཟད། ཆད་པ་ཐེངས་གཉིས་ཡན་ཕོག་རིགས་ལ་ཁ་ལོ་བའི་ལག་ཁྱེར་རྩིས་མེད་གཏོང་རྒྱུ་མ་ཟད། ལོ་ལྔའི་ནང་གཉེར་སྐྱོང་དང་སྐྱེལ་འདྲེན་རླངས་འཁོར་གཏོང་མི་ཆོག

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།