དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དམག་དཔུང་གི་འཚོ་བ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-06

    འདི་ནི་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་དགུན་དུས་ཀྱི་དམག་ཞབས་ཐིམ་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    འདི་ནི་དམག་ཞབས་ཐིམ་པའི་དམག་མི་ཡིན་པ།

    ཉེ་ཆར། བོད་དམག་ཁུལ་ཁང་དཔུང་སྡེ་ཞིག་གི་ཚོགས་ཁང་གི་རྣམ་པ་གཟི་ཉམས་སྒམ་ནན་ལྡན་ཞིང་། དཔུང་སྡེ་དེའི་2025ལོའི་དགུན་དུས་ཀྱི་དམག་ཞབས་ཐིམ་པའི་མཛད་སྒོ་དེ་གར་འཚོགས་པ་རེད།

    དམག་ཞབས་ཞུས་ནས་ལོ་བཅུ་དྲུག་སོང་བ་དང་དམག་ཞབས་དུས་ཡུན་ཁག་བཞི་བརྒྱུད་པའི“དམག་མི་རིགས་གཅིག་མཁས་ཅན”དང“པན་ཀྲང་རྙིང་པ”ཉི་ཤུ་ལྷག་ཙམ་གྱིས་ཉིན་དེར་ཁོང་ཚོའི་དམག་དཔུང་འཚོ་བའི་ཁྲོད་ཀྱི་གཟི་བརྗིད་ལྡན་པའི་དུས་སྐབས་བསུས་པ་རེད། “གཤམ་གསལ་བློ་མཐུན་རྣམས་དངོས་ཞབས་དམག་མི་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་སྤྲོད་རྒྱུ”ཞེས་དམག་ཞབས་ཐིམ་པའི་བཀའ་རྒྱ་སྒྲོག་སྦྱང་བྱས་པ་དང་བསྟུན་ནས། བརྟན་སྲུང་དང་ལེགས་སྐྱེས་དུས་ཡུན་རིང་པོ་ཕུལ་བ་དག་དུས་འདིར་ནམ་ཡང་གཟི་བརྗིད་ཅིག་ཏུ་གྱུར་པ་རེད།

    དཔུང་སྡེ་དེའི་འགན་འཁུར་བས་ཤིས་ཚིག་སྒྲོན་སྐབས“ཁྱེད་ཚོས་ཆེས་རྩ་ཆེན་གྱི་ལང་ཚོ་རྒྱལ་སྲུང་བྱ་གཞག་ལ་ཕུལ་བ་དེ་ནི་ཐོན་ཤོག་གི་སྤོབས་པ་བྱ་ཡུལ་དང་དཔོན་དམག་གིས་སློབ་སྦྱོང་བྱེད་སའི་མིག་དཔེ་རེད། ཁྱེད་ཚོས་དམག་མིའི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། དཔུང་སྡེའི་ནང་གི་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་ལས་གནས་གསར་པ་དང་མི་ཚེའི་ལམ་བུ་གསར་པའི་ཐོག་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་རྩོམ་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།

    དམག་ཞབས་ཐིམ་པ་དེ་མཇུག་འགྲིལ་བ་ཞིག་མིན་པར་འབད་འཐབ་ཀྱི་ལམ་བུ་གསར་པར་བསྐྱོད་པའི་འགོ་འཛུགས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།