གནས་སྐབས་ཀྱི་སྨན་བཅོས་འགན་སྲུང་ས་ཚིགས་བཙུགས་པ།
བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས་འཐབ་འཛིང་པ་གསར་པར“སྨན་བཅོས་འགོག་སྲུང་དྲ་བ”བསྐྲུན་པ།

འདི་ནི་སྨན་པས་དམག་མི་གསར་པའི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།
2025ལོའི་ཟླ་12པར་ལྷ་ས་མེ་འཁོར་འབབ་ཚུགས་སུ་གྲང་ངར་ཤིན་ཏུ་ཆེ་ཞིང་། དམག་ཆས་ལྗང་ཁུ་གསར་རྐྱང་སྤྲས་པའི་དམག་དཔུང་ནང་ཞུགས་མ་ཐག་པའི་འཐབ་འཛིང་པ་གསར་པ་མང་པོ་ཞིག་གངས་ལྗོངས་ས་མཐོར་འབྱོར་མ་ཐག་ཀུན་གྱིས་དོ་སྣང་བྱེད་སར་གྱུར་ཡོད། ཁོང་ཚོས་ལང་ཚོའི་ཁྲག་དྲོན་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་ཕུགས་བསམ་ཆེན་པོ་སྙིང་དབུས་སུ་བཅངས་ཏེ་དམག་དཔུང་ནང་ཞུགས་པའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད། ས་མཐོར་ཐོག་མར་འབྱོར་སྐབས་ཁོང་ཚོར་གསོ་རླུང་མི་འདང་བ་དང་གྲང་ངར་ཆེ་བ་སོགས་ཁོར་ཡུག་གི་འགྲན་སློང་གཅིག་རྗེས་གཉིས་མཐུད་ངང་འཕྲད་ཡོད།
འཐབ་འཛིང་པ་གསར་པ་ཚོ་འཚམ་འཕྲོད་དུས་ཡུན་བདེ་བླག་ངང་སྒྲོལ་ཐུབ་པར་འགན་ལེན་བྱ་ཆེད། གོང་རིམ་འགོ་ཁྲིད་ཀྱི་བཀོད་སྒྲིག་ཞིབ་ཚགས་དང་བྱམས་བརྩེའི་ཐུགས་ཁུར་འོག བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་ནད་ཐོག་ཚན་ཁག་ཁག་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་དང་སྨན་བཅོས་ལག་རྩལ་བྱང་ཆུབ་པའི་རྐང་འཛིན་སྨན་པ་5བདམས་ཏེ་ཆེད་དོན་སྨན་བཅོས་ཚོགས་པ་སྒྲིག་འཛུགས་བྱས་ཏེ། མེ་འཁོར་འབབ་ཚུགས་སུ་གནས་སྐབས་ཀྱི་སྨན་བཅོས་འགན་ལེན་ས་ཚིགས་བཙུགས་ནས་བོད་དུ་ཡོང་མཁན་འཐབ་འཛིང་པ་གསར་པ་ཚོར་མིག་མཐོང་ལག་འཛིན་ཐུབ་པའི་དྲོ་སྐྱིད་ལྡན་པའི་སྨན་བཅོས་འགོག་སྲུང་དྲ་བ་ཞིག་བསྐྲུན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས་འཐབ་འཛིང་པ་གསར་པ་བོད་དུ་ཡོང་རིང་སྨན་བཅོས་འགན་སྲུང་ལས་གནས་མུ་མཐུད་བརྟན་སྲུང་བྱ་རྒྱུ་དང་། འགན་སྲུང་སྟོབས་ཤུགས་དང་ཞབས་ཞུའི་ནང་དོན་སྟབས་བསྟུན་ལེགས་སྒྲིག་བྱས་ནས། འཐབ་འཛིང་པ་གསར་པའི་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། ཁོང་ཚོ་ས་མཐོའི་འཚམ་འཕྲོད་དུས་ཡུན་བདེ་བླག་ངང་སྒྲོལ་ཐུབ་པ་དང་སྔ་ཙམ་ཚད་ལྡན་གྱི་ས་མཐོའི་སྲུང་དམག་ཏུ་འཚར་ལོངས་ཡོང་བར་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།