མེ་གསོད་རོགས་སྐྱོབ་སྐབས་བསྟུན་དཔུང་ཁག་མེ་ཏོག་ཏུ་དངོས་སུ་བཅའ་སྡོད་བྱས་པ།
ཉེ་ཆར་མེ་གསོད་རོགས་སྐྱོབ་སྐབས་བསྟུན་དཔུང་ཁག་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་དངོས་སུ་བཅའ་སྡོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། མེ་ཏོག་རྫོང་གི་ས་བབ་བར་ཁྱད་ལ་སྨི་7000ལྷག་ཙམ་ཟིན་པ་དང་ནགས་ཚལ་ཁེབས་ཚད་78.83%ཟིན་པ་མ་ཟད། མང་ཆེ་བ་གདོད་མའི་ནགས་ཚལ་ཡིན་པས། ནགས་ཚལ་ལ་མེ་སྐྱོན་སྔོན་འགོག་གི་ལས་དོན་སྤེལ་བར་དཀའ་ངལ་ཆེན་པོ་ཡོད་པ་རེད། མེ་གསོད་རོགས་སྐྱོབ་སྐབས་བསྟུན་དཔུང་ཁག་དངོས་སུ་བཅའ་སྡོད་བྱས་པ་དེས་མེ་ཏོག་རྫོང་གི་འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་ནུས་ལྡན་ཕྱིན་ནས་ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་དང་མེ་འགོག་གི་གནོན་ཤུགས་ཆུང་དུ་གཏོང་བར་འགག་རྩའི་སྟོབས་ཤུགས་སྣོན་རྒྱུ་ཡིན་ཞིང་། དེས“འཛམ་གླིང་གི་སྲོག་ཆགས་དང་རྩི་ཤིང་གི་རྟེན་མཛོད་ཁང”དང“འཛམ་གླིང་སྐྱེ་དངོས་གཞི་རྒྱུའི་མཛོད”ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ལ་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
གོམ་སྟབས་རྗེས་མར། མེ་གསོད་རོགས་སྐྱོབ་སྐབས་བསྟུན་རུ་ཁག་གི་བཀོད་འཐབ་པ་ཡོངས་ཀྱིས་མེ་ཏོག་གི་དམིགས་བསལ་ས་དབྱིབས་དང་གནོད་འཚེའི་ཁྱད་ཆོས་ལ་གཞི་ཚུགས་ཏེ། དམིགས་ས་ཡོད་པའི་སྒོ་ནས་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས་ཏེ་ས་དབྱིབས་ཁོང་དུ་ཆུད་པ་དང་། དམངས་ཀྱི་གནས་ཚུལ་ཤེས་པ། རོགས་སྐྱོབ་བྱེད་མཁས་པ་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་རྩལ་ནུས་སྦྱོང་བརྡར་བྱ་རྒྱུ་ཡིན་པ་རེད། བཀོད་འཐབ་པ་ཡོངས་ཀྱིས། “ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་པོ། སྲོག་ཉེན་ལ་མི་འཛེམ་པ། ལྷག་བསམ་རྣམ་དག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི”སྤྱིའི་བླང་བྱ་ཐོག་མཐའ་བར་གསུམ་དུ་བརྟན་པོར་བསྲུངས་ཏེ། “བདག་པོའི”རྣམ་འགྱུར་ཐོག་ནས་མེ་ཏོག་ཏུ་བཅའ་སྡོད་དང་མཐའ་མཚམས་སུ་རྩ་བ་འཛུགས་རྒྱུ་མ་ཟད། འཕྲལ་སྡོམ་རོགས་སྐྱོབ་ཀྱི“གདོང་ལེན་རུ་ཁག”དང་། མེ་ཟོན་བདེ་འཇགས་ཀྱི“དྲིལ་བསྒྲགས་རུ་ཁག” དམངས་བདེ་དམངས་ཕན་གྱི“ཞབས་ཞུ་རུ་ཁག”བཅས་ཡག་པོ་བྱས་ནས། མེ་ཏོག་གི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་མཐའ་མཚམས་ཀྱི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་བཅས་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།