པར་རིས་གསར་འགྱུར།

གསར་འགོད་པར་པེ་ཅིང་གྲོང་ཁྱེར་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། དྲ་རྒྱའི་མི་གྲགས་ཅན་གྱི་ཨང་རྟགས་དང་ཆ་འཕྲིན་བརྒྱུད་སྤེལ་གྱི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར་པེ་ཅིང་གྲོང་ཁྱེར་དྲ་འཕྲིན་གཞུང་དོན་ཁང་གིས“དྭངས་གཙང་གི་ཅིང་ཧྭ། དྲ་རྒྱའི་མི་གྲགས་ཅན་གྱི་ཨང་རྟགས་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག”གི་ཆེད་དོན་བྱ་སྤྱོད་སྤེལ་ནས། དྲ་ཚུགས་ལས་སྟེགས་ལ་ཚོགས་སྤྱིའི་ཁ་གཏད་དུ་ལངས་རྒྱུའི་ངན་སྐུལ་བྱེད་པ་དང་། ཚུལ་མིན་རིན་ཐང་ལྟ་བ་འུད་སྒྲོག་བྱེད་པ། དྲ་རྒྱའི་ཁོར་ཡུག་ཟང་ཟིང་བཟོ་བ། སྒྲིག་འགལ་ཨང་རྟགས་ཐབས་སྒྱུར་བསྐྱར་ཐོན་བྱེད་པ། ཁྲལ་བསྡུའི་ལྟ་འདོམས་འགོག་གཡོལ་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱེད་རྒྱུའི་མཛུབ་ཁྲིད་བྱས་ཤིང་། དྲ་རྒྱའི་མི་གྲགས་ཅན་གྱི་ཨང་རྟགས་ཁག་གཅིག་ཤེས་རྟོགས་བྱུང་བ་དང་འབྲེལ་ཞིབ་བཤེར་ཐག་གཅོད་ཀྱང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།