【བཅའ་ཁྲིམས་དོན་ཚན་འབྲེལ་མཐུད】
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》
དོན་ཚན་ང་གཉིས་པ། 【དངུལ་ཆད་གྲངས་འབོར་གཏན་འཁེལ】 དངུལ་ཆད་གཅོད་པར་ཉེས་གསོག་གི་གནས་ཚུལ་ལ་གཞིགས་ནས་དངུལ་ཆད་གཅོད་པའི་གྲངས་འབོར་གཏན་འཁེལ་བྱེད་དགོས།
དོན་ཚན་ང་གསུམ་པ། 【དངུལ་ཆད་འཇལ་བ】 དངུལ་ཆད་དེ་དཔྱད་མཚམས་ནང་གཏན་འཁེལ་བྱས་པའི་དུས་བཀག་ནང་ཐེངས་གཅིག་གམ་ཡང་ན་ཁག་ཐེངས་དབྱེ་ནས་འཇལ་དགོས། དུས་ཡུན་ཐིམ་ནས་མ་འཇལ་ན། བཙན་ཤེད་ཀྱིས་འཇལ་དུ་འཇུག་དགོས། དངུལ་ཆད་ཚང་མ་འཇལ་མི་ཐུབ་ཚེ་མི་དམངས་ཁྲིམས་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་ལག་བསྟར་བྱ་ཡུལ་ལ་ལག་བསྟར་བྱེད་ཆོག་པའི་རྒྱུ་ནོར་ཡོད་པ་ཤེས་ཚེ་དུས་གང་རུང་དུ་བདའ་འདེད་བཏང་ཆོག
གཡོལ་ཐབས་མེད་པའི་གནོད་འཚེ་སོགས་ཀྱི་རྐྱེན་པས་དངུལ་འཇལ་བར་དཀའ་ངལ་ཡོད་ངེས་ཡིན་ཕྱིན་མི་དམངས་ཁྲིམས་ཁང་གིས་ཁྲུན་ཐག་བཅད་པ་བརྒྱུད་དངུལ་ཆད་འཇལ་རྒྱུ་ནར་འགྱངས་དང་། གནས་ཚུལ་ལ་གཞིགས་ནས་ཉུང་དུ་གཏོང་བའམ་ཡང་ན་རྩ་ཆག་བཏང་ཆོག
དོན་ཚན་སུམ་བརྒྱ་གྱ་གསུམ་པའི་ནང་གསེས་དང་པོའི་དོན་ཚན(གཉིས་པ)དང་ནང་གསེས་གཉིས་པ། 【ལྐོག་ཟས་ནག་ཉེས་ཀྱི་ཆད་གཅོད】 ལྐོག་ཟས་ནག་ཉེས་བསགས་པར་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་གཤམ་གསལ་གྱི་གཏན་འབེབས་ལྟར་སོ་སོར་ཆད་པ་གཅོད་དགོས་པ་སྟེ།
ལྐོག་ཟ་བྱས་པའི་གྲངས་འབོར་ཧ་ཅང་ཆེ་བའམ་ཡང་ན་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་ན། དུས་བཀག་བཙོན་འཇུག་ལོ་གསུམ་ཡན་དང་ལོ་བཅུ་མན་གྱི་ཆད་པ་གཅོད་རྒྱུ་དང་སྦྲགས་དངུལ་ཆད་གཅོད་པའམ་ཡང་ན་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ།
ལྐོག་ཟ་ཐེངས་མང་བྱས་ནས་ཐག་གཅོད་མ་བྱས་པའི་རིགས་ལ་རིམ་བསགས་ཀྱི་ལྐོག་ཟའི་གྲངས་འབོར་ལྟར་ཆད་པ་གཅོད་རྒྱུ།
དོན་ཚན་སུམ་བརྒྱ་གྱ་བཞི་པའི་ནང་གསེས་དང་པོ།【གཞུང་དངུལ་སྒེར་སྤྱོད་བྱས་པའི་ནག་ཉེས】 རྒྱལ་ཁབ་ཀྱི་ལས་དོན་པས་ལས་གནས་ཐོག་གི་སྟབས་བདེ་སྤྱད་དེ་གཞུང་དངུལ་སྒེར་སྤྱོད་བྱས་ཏེ་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་བའམ་ཡང་ན་གཞུང་དངུལ་སྒེར་སྤྱོད་བྱས་པའི་གྲངས་འབོར་ཅུང་ཆེ་བ་དང་ཁེ་གཉེར་གྱི་བྱེད་སྒོ་སྤེལ་རིགས། ཡང་ན་གཞུང་དངུལ་སྒེར་སྤྱོད་བྱས་པའི་གྲངས་འབོར་ཅུང་ཆེ་བ་དང་། ཟླ་བ་གསུམ་ལས་བརྒལ་ནས་ཕྱིར་མ་སྤྲད་ན། གཞུང་དངུལ་སྒེར་སྤྱོད་བྱས་པའི་ནག་ཉེས་བསགས་པས། དུས་བཀག་བཙོན་འཇུག་ལོ་ལྔ་མན་ནམ་ཡང་ན་བཙན་ཉར་ལས་སྐུལ་གྱི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་དུས་བཀག་བཙོན་འཇུག་ལོ་ལྔ་ཡན་བྱ་རྒྱུ། གཞུང་དངུལ་སྒེར་སྤྱོད་བྱས་པའི་གྲངས་འབོར་ཧ་ཅང་ཆེ་ལ་ཕྱིར་སློག་མེད་ཕྱིན་དུས་བཀག་བཙོན་འཇུག་ལོ་བཅུ་ཡན་ནམ་ཡང་ན་ཚེ་བཙོན་གྱི་ཆད་པ་གཅོད་རྒྱུ།
འབྲེལ་ཡོད་གསར་འགྱུར།