དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གྲོང་ཚོའི་མཉམ་སྡེབ་མ་དངུལ་ཧམ་བཟུང་དང་སྒེར་སྤྱོད་བྱས་པ།

    ——བསྟན་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་བ་གསུམ་གྱི་ཁྲིམས་ཆད་བཅད་པ་དང་འབྲེལ་དངུལ་ཆད་སྒོར་ཁྲི་20བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-30

    གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད། ལས་བྱེད་པ་ཉུང་ཤས་ཀྱིས་ཏང་དང་། རྒྱལ་ཁབ། མང་ཚོགས་བཅས་ཀྱི་ཡིད་ཆེས་དེ“དམིགས་བསལ་གྱི་དབང་ཆར”བརྩིས་ཏེ། གྲོང་ཚོའི་མཉམ་སྡེབ་མ་དངུལ་ལ་ལག་པ་བརྐྱངས་ནས་མང་ཚོགས་ཀྱི་མཉམ་སྡེབ་ཁེ་ཕན་ལ་གནོད་འཚེ་བཟོས་ཡོད། ད་ཐེངས“སྒྲོལ་མས་ཁྲིམས་ལུགས་བརྗོད་པ”ཞེས་པའི་ལེ་ཚན་ནང་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་མཉམ་སྡེབ་མ་དངུལ་ཁྱབ་ཁོངས་དང་འབྲེལ་བའི“ཆུང་ཟ་ཆུང་རུལ”གྱི་གྱོད་དོན་ཞིག་ལ་མཉམ་དུ་ཤེས་རྟོགས་བྱ་རྒྱུ་ཡིན།

    【གཞི་རྩའི་གྱོད་གཞིའི་གནས་ཚུལ】 བསྟན་ཆེ་གེ་མོ་ནི་རྫོང་ཞིག་གི་ལས་བྱེད་པ་ཞིག་ཡིན་པ་དང་། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་ལོ་གཉིས་དང་ལོ་ཕྱེད་འཁུར་རིང་། ཁོ་པ་རང་ཉིད་ཀྱིས་བདག་ཉར་དོ་དམ་བྱས་པའི་གྲོང་ཚོའི་མཉམ་སྡེབ་མ་དངུལ་ཧམ་ཟ་དང་གྲོང་སྡོད་ཀྱི་དྲོད་ལེན་གྲོན་དངུལ་གཡོ་ལེན་བྱས་པ་ཁྱོན་སྒོར་ཁྲི་20.34ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་མ་དངུལ་དང་ཏང་འཛུགས་སྐྱོང་གི་གྲོན་དངུལ་ནས་ཁྱོན་སྒོར་ཁྲི་38.09སྒེར་སྤྱོད་བྱས་པ་རེད།

    【ཁྲིམས་ཁང་གི་ཞིབ་གཅོད་བྱས་འབྲས】 ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཡིན་པའི་བསྟན་ཆེ་གེ་མོས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་རིང་། གྲོང་ཚོའི་མཉམ་སྡེབ་མ་དངུལ་བདག་གཉེར་བྱེད་པའི་སྐབས་དང་བསྟུན་ནས། སྤྱི་པའི་རྒྱུ་ནོར་ཧམ་ཟ་བྱས་ཤིང་གྲངས་འབོར་ཆེ་བས་ལྐོག་ཟའི་བྱས་ཉེས་གྲུབ་ཡོད། དེ་བཞིན་གཞུང་དངུལ་སྒེར་སྤྱོད་བྱས་པའི་གྲངས་འབོར་ཅུང་མང་བ་དང་། ཟླ་བ་གསུམ་སོང་ཡང་ཕྱིར་སློག་བྱས་མེད་པས་གཞུང་དངུལ་སྒེར་སྤྱོད་ཀྱི་བྱས་ཉེས་གྲུབ་པའི་ངོས་འཛིན་བྱས་ཡོད། གྱོད་གཞི་རྩད་ཆོད་རྗེས་བསྟན་ཆེ་གེ་མོས་རང་ཉེས་ངོས་ལེན་ཞུས་པ་དང་། ཉེས་པ་དང་ཉེས་ཆད་ཁས་བླངས་པ་མ་ཟད། སྐྱིན་ཚབ་གང་ཐུབ་འཇལ་བ་སོགས་ཀྱི་རྣམ་འགྱུར་ལ་གཞིགས་ཏེ། ཁྲིམས་ཁང་གིས་མཐར་ལྐོག་ཟའི་བྱས་ཉེས་དང་གཞུང་དངུལ་སྒེར་སྤྱོད་ཀྱི་བྱས་ཉེས་བསགས་པའི་མིང་ཐོག་ནས་བསྟན་ཆེ་གེ་མོ་དུས་བཀག་བཙོན་འཇུག་ལོ་གསུམ་དང་ཟླ་བ་གསུམ་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་འབྲེལ་དངུལ་ཆད་སྒོར་ཁྲི་20བཀལ་ཡོད།

    【ཁྲིམས་དཔོན་གྱིས་ཁྲིམས་ཤོད་པ】 གྲོང་ཚོའི་མཉམ་སྡེབ་མ་དངུལ་ནི“མི་སྒེར་གྱི་དངུལ་ཁུག”མིན་པར་ཚང་མའི“ཐུན་མོང་གི་རྒྱུ་ནོར”ཡིན་པ་དང་། མཉམ་སྡེབ་ཁེ་ལས་ཀྱི་ཡོང་འབབ་དང་རྒྱལ་ཁབ་ཀྱིས་སྤྲད་པའི་དབུལ་སྐྱོར་དང་རོགས་སྐྱོར་མ་དངུལ་གང་ཡིན་རུང་ཚང་མ་གྲོང་ཚོའི་སྤྱི་ཕན་འཛུགས་སྐྲུན་དང་དམངས་འཚོ་ལེགས་གཏོང་ཐད་སྤྱོད་དགོས།

    གྱོད་སྒྲུབ་ཁྲིམས་དཔོན་གྱིས་བརྗོད་དོན། གྱོད་གཞི་འདིའི་ནང་གི་བསྟན་ཆེ་གེ་མོས་གྲོང་ཚོའི་མཉམ་སྡེབ་མ་དངུལ་སྒེར་སྤྱོད་ཐེངས་མང་བྱས་པའི་ནང་ནས། གྱོད་གཞི་རྩད་མ་ཆོད་གོང་མང་ཆེ་བ་ཕྱིར་བསློགས་ཡོད། བྱེད་སྤྱོད་འདི་རིགས“གཡར་བ”དང་འདྲ་པོ་ཡོད་མོད། འོན་ཀྱང་བཅའ་ཁྲིམས་ལས་བརྒལ་བས་ཕྱིས་སུ་དངུལ་ཚང་མ་ཕྱིར་བསློགས་ཀྱང་ཁྲིམས་ཀྱི་འགན་འཁྲི་ལས་ཐར་ཐབས་མེད།

    ཁྲིམས་དཔོན་གྱིས་འདིར་རྒྱ་ཆེའི་གཞི་རིམ་ལས་བྱེད་པར་དྲན་སྐུལ་བྱ་རྒྱུར། ཕྲན་ཙམ་ཟ་བ་རུལ་སུངས་མ་རེད་མ་སོམས་ཤིག གལ་སྲིད་སྒེར་སྤྱོད་བྱས་པའི་དངུལ་དེ་དབུལ་སྐྱོར་དང་གེགས་སེལ་རིགས་ཀྱི་ཆེད་སྤྱོད་གྲོན་དངུལ་ཡིན་པའམ་ཡང་ན་སྲིད་གཞུང་ལ་མ་དངུལ་དོ་དམ་བྱེད་རོགས་བྱེད་རིང་གནས་ཚུལ་དེ་རིགས་ཐོན་ཚེ། དེའི་ངོ་བོ་ཚབས་ཆེ་བས་ཁྲིམས་ཆད་དེ་བས་ལྕི་བ་ཕོག་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།