བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས་སྐོར་སྐྱོད་སྨན་བཅོས་བྱས་པ།

འདི་ནི་སྨན་དོན་པས་དཔོན་དམག་ལ་སྨན་སྤྲོད་བཞིན་པ།
ཉེ་ཆར་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས་ཆེད་དོན་སྨན་བཅོས་རུ་ཁག་སྒྲིག་འཛུགས་བྱས་ནས་ནག་ཆུར་དགུན་དུས་ཀྱི་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་ཅིང་། གནད་སྨིན་སྨན་བཅོས་ཞབས་ཞུར་བརྟེན་ནས་ས་མཐོའི་དཔོན་དམག་ཚོའི་སྨན་བཅོས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། ཆེད་ལས་འགན་སྲུང་ཐོག་ནས་མཐའ་མཚམས་སྲུང་དམག་ལ་བདེ་ཐང་གི་འགོག་རགས་བརྟན་པོ་ཞིག་བསྐྲུན་ཡོད།
“ཞབས་ཞུ་ཚང་མ་ནི་དཔོན་དམག་གི་ཁ་ཚ་དགོས་གཏུགས་ཀྱི་བདེ་ཐང་དགོས་མཁོར་དམིགས་པ་ཤ་སྟག་རེད”ཅེས་པའི་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་པའི་སྐད་ཆ་དེ་ལས་ད་ཐེངས་ཀྱི་སྐོར་སྐྱོད་སྨན་བཅོས་ཀྱི་དམིགས་ཡུལ་གསལ་པོ་མངོན་ཡོད། ཉེ་བའི་ལོ་ཤས་རིང་། སྐོར་སྐྱོད་སྨན་བཅོས་བྱེད་སྐབས་ཤེས་རྟོགས་བྱུང་བའི་ས་མཐོའི་དཔོན་དམག་གི་བདེ་ཐང་གི་དཀའ་གནད་ལ་དམིགས་ནས། སྨན་ཁང་གིས་ཆེད་མངགས་ཞབས་ཞུའི་ཇུས་གཞི་ལེགས་སུ་བཏང་བ་མ་ཟད། རུས་ནད་ཚན་ཁག་དང་། སྙིང་ཁམས་ཁྲག་རྩའི་ཚན་ཁག བྲང་གཟེར་ཚན་ཁག་སོགས་གཙོ་གནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཟུར་འཐེན་བྱས་ཏེ། ས་མཐོའི་ཁོར་ཡུག་དང་འཚམ་པའི་རྒྱུན་སྤྱོད་སྨན་རྫས་དང་། འཁྱེར་བདེའི་Bསྒྲ་རླབས། ཁྲག་དང་གསོ་རླུང་ལྟ་ཞིབ་ཚད་ལེན་ཡོ་ཆས་སོགས་འཁྱེར་ནས་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་ཅིང་། “དམིགས་གཏད་སྨན་བཅོས”དང“གནད་སྨིན་འགོག་སྲུང”གི་འདུ་ཤེས་སྐོར་སྐྱོད་བརྟག་དཔྱད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།