བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས།
དམག་དཔུང་དང་ས་གནས་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་བ།

འདི་ནི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
གཉིས་བཀུར་གྱི་གཟི་བརྗིད་སྲོལ་རྒྱུན་སྔར་བས་དར་སྤེལ་བཏང་ནས་དུས་རབས་གསར་པའི་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད། ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས“དམག་སྒར་ནང་རིག་གནས་ཀྱི་སྟོན་མོ་རྒྱས་པར་བཤམས། དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་ཏུ་གཏོང”ཞེས་པའི་དམག་དཔུང་དང་ས་གནས་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ཐོག་མར《དུས་རབས་གསར་པའི་སྨོན་འདུན》ཞེས་པའི་གླུ་གཞས་སྤྲོ་སེམས་ཆེན་པོས་བཏང་བ་དང་འཁྲབ་སྟོན་པས་ཡང་ཤ་དོད་པའི་སྟངས་སྟབས་ལ་བརྟེན་ནས་དུས་རབས་གསར་པའི་དམག་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བསྔགས་བརྗོད་དང་། བདེ་སྐྱིད་ཁམས་བཟང་ལ་བསྟོད་གླུ་ཕུལ་བས། ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་འབྲུག་སྒྲ་ལྡིར་བ་ལྟར་གྲགས་པ་རེད། བུད་མེད་ཀྱི་ཞབས་བྲོ《ཏང་གི་གཟི་མདངས་མཐའ་མཚམས་ཡུལ་ལ་འཕྲོས》ཞེས་པ་འཁྲབ་ནས་དུས་རབས་གསར་པའི་ཉིང་ཁྲིའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྟོད་གླུ་ཕུལ་བ་དང་། ཏང་གི་སྣེ་ཁྲིད་འོག་མཐའ་མཚམས་ས་ཁུལ་ལ“བདེ་སྡོད”ནས“ལས་བརྩོན”བར་གྱི་འཕོ་འགྱུར་བྱུང་ལུགས་མངོན་པར་བྱས་པ་རེད།
བྱེད་སྒོ་མཇུག་འགྲིལ་མཚམས་སུ《གསར་བརྗེའི་གླུ་གཞས་མཉམ་ལེན》བྱས་པ་ལས་མཐོ་རླབས་ཡོངས་སུ་འཕྱུར་ཞིང་། རྒྱུས་མངའ་ཆེ་བའི་འགྱུར་ཁུག་དང་བསྟུན་ནས་དཔོན་དམག་དང་མང་ཚོགས་ཀྱིས་ལག་པ་གཡུག་བཞིན་སྐད་གསང་མཐོན་པོས་གླུ་གཞས་མཉམ་དུ་བླངས་པ་རེད། སྙན་པའི་གླུ་གཞས་རེ་རེ་བཞིན་བླངས་པ་ལས་དམག་དམངས་ཀྱི་བརྩེ་སེམས་གཅིག་ཏུ་སྦྲེལ་ཡོད།
ད་ཐེངས་ཀྱི“རིག་གནས་སྒྱུ་རྩལ་དམག་སྒར་དུ་འཁྲབ་སྟོན་བྱེད་པའི”བྱེད་སྒོ་ནི་དམག་དམངས་གཅིག་ཕན་གཅིག་རོགས་དང་གཅིག་སེམས་གཅིག་ལ་གཏད་ནས་ཕུགས་འདུན་མངོན་འགྱུར་བྱེད་པ་ཞིག་རེད་ལ། དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་དུང་ཟབ་མོ་མཐའ་མཚམས་འཕེལ་རྒྱས་གཏོང་བའི་མངོན་གསལ་དོད་པའི་གཞི་གདན་དུ་དེ་བས་ཀྱང་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།