བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དམག་གསར་ལ་གོ་མཚོན་སྤྲོད་པའི་མཛད་སྒོ་འཚོགས་པ།

འདི་ནི་དམག་གསར་ཚོར་གོ་མཚོན་སྤྲོད་པའི་མཛད་སྒོ་འཚོག་བཞིན་པ། (བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་པར་མཁོ་འདོན་བྱས)
ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་སྦྱོང་བརྡར་ཐང་དུ་དམག་གསར་ལ་གོ་མཚོན་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། དམག་སྲིད་སྦྱོང་བརྡར་གྱི་དཔྱད་ཞིབ་རགས་ཙམ་བྱས་པའི་དམག་གསར་བརྒྱ་ལྷག་ཙམ་གྱིས་མགོ་འཕང་མཐོན་པོར་བཀྱགས་པ་དང་སྙིང་སྟོབས་ཆེར་སྐྱེད་ངང་དམག་དཔུང་འཚོ་བའི་ཁྲོད་ཀྱི་གལ་འགངས་ཆེ་བའི་དུས་སྐབས་ཏེ། གོ་མཚོན་དངོས་སུ་ལེན་འགོ་ཚུགས་པ་རེད།
མཛད་སྒོ་དེ་བརྗིད་ཉམས་ལྡན་པའི《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི》ཁྲོད་འགོ་ཚུགས་པ་དང་། དམག་གསར་ཚོས་ལུས་ལ་དམག་ཆས་ལེགས་པར་སྤྲས་ཏེ་གྲལ་སྟར་འགྲིག་པོས་ལངས་ཤིང་། དཔུང་སྡེའི་འགོ་ཁྲིད་ཀྱིས་གོ་མཚོན་སྤྲོད་པའི་བཀའ་རྒྱ་སྒྲོག་སྦྱངས་བྱས་རྗེས། དམག་གསར་གྱི་འཐུས་མི་ཚོར་དམག་འཐབ་ཀྱི་ལས་གནས་མཚོན་པའི་གོ་མཚོན་སྤྲད་པ་རེད། མེ་མདའ་སྤྲོད་སྐབས་དམག་གསར་ཚོའི་གདོང་ལས་བློ་རྩ་བརྟན་པའི་རྣམ་འགྱུར་ངང་གིས་མངོན་ལ། ལག་གཉིས་པོས་སྒམ་ནན་དང་བཅས་ཏེ་གོ་མཚོན་བླངས་པ་རེད།
གོ་མཚོན་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། དམག་གསར་ཚོའི་ལྷག་བསམ་རྣམ་དག་གི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་འབད་འབུངས་ཀྱི་སེམས་ཤུགས་འཕེལ་ཆེད། དཔུང་སྡེས་དམག་གསར་ཚོ་དམག་དོན་ལོ་རྒྱུས་ཁྱམས་རིང་ལ་ལྟ་བར་ཁྲིད་ནས། “གཟི་བརྗིད་ལོ་རྒྱུས་བློ་ལ་བརྟན་པོར་ངེས། དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་འཁུར”བའི་བརྗོད་དོན་གཙོ་བོའི་ལྟ་སྐོར་བྱེད་སྒོའང་སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།