དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆེད་དོན་སློབ་ཚན་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-30

    ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཁྲིམས་བཞིན་སྲིད་འཛིན་དང་ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི་འཇོག་ཐང་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་བསླབ་རྒན་མངའ་རིས་ས་ཨུད་ཏང་གི་སློབ་གྲྭར་གདན་དྲངས་ཏེ། “སྒྲིག་སྲོལ་བསྲུངས་ནས་དབང་ཆ་སྤྱོད་པ་དང་། ཁྲིམས་བཞིན་འགན་འཁྲི་སྒྲུབ་པའི”སྐོར་གྱི་ཆེད་དོན་སློབ་ཚན་ཁྲིད་པར་ས་ཨུད་ཏང་གི་སློབ་གྲྭའི་དུས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་ཞུགས་ཡོད་པ་རེད།

    སློབ་ཚན་འཁྲིད་སྐབས། ཁྲིམས་དཔོན་གྱིས་མངའ་རིས་ས་ཁུལ་གྱི་ལས་ཀའི་དོན་དངོས་ལ་གཞིགས་ནས་ཁྲིམས་བཞིན་སྲིད་འཛིན་པའི་ལྟེ་བའི་བརྗོད་དོན་དང་། ཁྲིམས་ལུགས་ཀྱི་ས་མཚམས་དང་ལག་ལེན་གྱི་བླང་བྱར་དམིགས་ཏེ། དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་དང་། ཁྲིམས་ལུགས་ཀྱི་དོན་ཚན་ལ་གསེད་བཀྲོལ། ལས་ཀའི་ཉམས་མྱོང་མཉམ་སྤྱོད་བྱེད་པ་སོགས་དང་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད། དུས་བབ་གསར་པའི་ཏང་ཡོན་ལས་བྱེད་པས་ཁྲིམས་བཞིན་ཐབས་ཇུས་འདོན་པ་དང་ཁྲིམས་བཞིན་ལས་དོན་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་ཆ་ལག་ཚང་པོ་ཞིག་བརྒྱབ་ཡོད།

    ད་ཐེངས་ཀྱི་སློབ་ཚན་ནི་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེས་ཁྲིམས་ཁང་དང་ཏང་སྲིད་ལས་ཁུངས་དབར་ལ་ཁྲིམས་སྐྱོང་སྤེལ་རེས་ཀྱི་ལས་སྟེགས་ཤིག་བསྐྲུན་པ་མ་ཟད། མངའ་རིས་ས་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་བཏང་ནས་ལས་དོན་ཁག་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་མའང་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།