ནག་ཆུའི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་ཁྲིམས་སྐྱོང་ཞབས་ཞུ་གཞི་རིམ་དུ་ཁྱབ་གདལ་བཏང་བ།
སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་བཏང་། བདེ་འཇགས་རྩ་བ་བརྟན་པོར་སྲུང་།
ཉེ་ཆར། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སློབ་ཆུང་གཉིས་པར་གསོན་ཉམས་དོད་པའི་ཁྲིམས་སྐྱོང་སློབ་ཚན་ཞིག་འཚོགས་ཤིང་། ལྷ་རི་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས“ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི”ཐོབ་ཐང་ཐོག་ནས་སློབ་གྲྭར་བསྐྱོད་དེ་ལོ་རིམ་བཞི་པ་ནས་དྲུག་པ་བར་གྱི་སློབ་མར“སློབ་གྲྭའི་བརྙས་བཅོས་དང་། གཏུམ་སྤྱོད། བཙན་གཡེམ་བཅས་འགོག་པ”བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་རེད། སློབ་ཆུང་སློབ་མའི་གོ་རྟོགས་ཁྱད་ཆོས་ལ་དམིགས་ནས་ཁྲིམས་དཔོན་གྱིས་བཅའ་ཁྲིམས་ཀྱི་དོན་ཚན་འགྲེལ་བཤད་རྒྱག་སྐབས“གྱོད་དཔེ་དྲངས་པ་དང་མཉམ་འགུལ་དྲི་བ་འདོན་པ་ཟུང་འབྲེལ”གྱི་བྱེད་ཐབས་སྤྱད་དེ། སློབ་མར་བདེ་འཇགས་འགོག་རགས་གསུམ་བསྐྲུན་ནས་སློབ་གྲྭའི་བརྙས་བཅོས་འགོག་པ་དང་། སློབ་གྲྭའི་གཏུམ་སྤྱོད་ལ་དཔའ་ངར་ཆེན་པོས་ཕར་རྒོལ་བྱེད་པ། བཙན་གཡེམ་གྱི་འགོག་རགས་སྲ་བརྟན་དུ་གཏོང་དགོས་པའི་ཁྲིད་སྟོན་བྱས་པ་རེད།
དེ་དང་ཆབས་ཅིག སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གི་འདྲ་བཟོའི་ཁྲིམས་རའི་ནང་སློབ་མ་12ཀྱིས་གཙོ་ཁྲིད་བྱས་པའི“སློབ་གྲྭའི་བརྙས་བཅོས་ལས་བྱུང་བའི་རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞིའི”ཁྲིམས་སའི་འདྲི་གཅོད་བྱས་པ་རེད། སློབ་མ་ཚོས་ཁྲིམས་རའི་བརྟག་དཔྱད་ནས་ཁྲིམས་རའི་བཅད་ཁྲ་ཁྱབ་བསྒྲགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལད་ཟློས་བྱས་པ་རེད། ཁྲིམས་སའི་འདྲི་གཅོད་མཇུག་བསྒྲིལ་རྗེས། ཁྲིམས་དཔོན་གྱིས་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་ལྟེ་བའི་བཅའ་ཁྲིམས་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། སློབ་གྲྭའི་བརྙས་བཅོས་ནི་ཀུན་སྤྱོད་ཀྱི་གནད་དོན་སྟབས་བདེ་ཞིག་གཏན་ནས་མིན་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པ་གསལ་པོ་བསྟན་པ་མ་ཟད། “ནར་མ་སོན་པ་ནི‘སྲུང་མ’ལྟ་བུ་ཞིག་མིན་པའི་ནན་བཤད་བྱས་པ་དང་སྦྲགས་སྤྱི་མཚན་དུ་གྱུར་པའི་བཅའ་ཁྲིམས་དོན་ཚན་གོ་བདེ་ཤེས་སླའི་ཁེ་དབང་སྲུང་སྐྱོང་གི་ཕྱོགས་སྟོན་དུ་བསྒྱུར་བ་རེད།
ད་ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་འཆར་གཞི་དེ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་དང“ཉི་མ་ཆུང་ཆུང”བུད་མེད་ཁྲིམས་དཔོན་ལས་དོན་ཁང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། “སློབ་འགོ་ཚུགས་པའི་ཁྲིམས་སྐྱོང་སློབ་ཚན་དང་པོ”སོགས་ཁྲིམས་སྐྱོང་སློབ་གྲྭར་སྤེལ་བའི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་ཟླ་9པའི་བར་དགེ་སློབ་མི་ཐེངས་ཁྲི་2.2ལ་ཁྱབ་ཡོད་པ་རེད།
ནག་ཆུའི་རིམ་ཁག་མི་དམངས་ཁྲིམས་ཁང་གིས་བྱེད་ཐབས་རབ་དང་རིམ་པ་བརྒྱུད་གཞི་རིམ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དུས་བདེའི་ནག་ཆུ་དང་ཁྲིམས་སྐྱོང་ནག་ཆུ་འཛུགས་སྐྲུན་བྱེད་པར་ཁྲིམས་འཛིན་འགན་སྲུང་ནུས་ལྡན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།