དམག་མིའི་སྙིང་སྟོབས་མི་ཚེའི་ལམ་སྟོན་འདྲ། དམག་དཔུང་སྟོབས་ཆེའི་ཕུགས་འདུན་ང་ཡིས་སྒྲུབ།

↑ འདི་ནི་གྲོགས་པོ་ཆུང་ཆུང་ཚོས་གོ་མཚོན་ལ་ཤེས་རྟོགས་བྱེད་བཞིན་པ།
“བཅིངས་འགྲོལ་དམག་ཡག” ཉེ་ཆར་བོད་དམག་ཁུལ་ཁང་གི་དམག་སྒར་ཞིག་ཏུ་ཐལ་མོའི་རྡེབ་སྒྲ་དང་དགོད་སྒྲས་ཁེངས་ཤིང་། དམག་ཁུལ་ཁང་ལས་ཁུངས་བུ་བཅོལ་ཁང་གི་གྲོགས་ཆུང་ཆུང་ཚོ་དམག་སྒར་དེར་ཡོང་ནས“དམག་མིའི་སྙིང་སྟོབས་མི་ཚེའི་ལམ་སྟོན་འདྲ། དམག་དཔུང་སྟོབས་ཆེའི་ཕུགས་འདུན་ང་ཡིས་སྒྲུབ”ཅེས་པའི་བརྗོད་དོན་གཙོ་བོའི་དམག་སྒར་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། དབྱིངས་ཞུགས་ཉམས་ལེན་དང“ངོ་ཐུག་གདོང་འཕྲད”ཀྱི་སྒོ་ནས་རྒྱལ་སྲུང་གི་སྐད་ཆ་ཤོད་རེས་བྱས་པ་བརྒྱུད། དམག་དཔུང་སྟོབས་ཆེར་གཏོང་བའི་ས་བོན་བྱིས་པའི་རྣམ་དག་ལྷད་མེད་ཀྱི་སེམས་སུ་རྩ་བ་ཚུགས་པར་བྱས་ཡོད།
ཉིན་དེའི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་དམག་སྒར་དུ་ཉི་འོད་རབ་ཏུ་འཕྲོས་ཤིང་། དམག་ཁུལ་ཁང་ལས་ཁུངས་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོས་དགེ་རྒན་དང་ཁྱིམ་བདག་ཁག་གཅིག་གི་རོགས་རམ་འོག་གོ་རིམ་ལྡན་པའི་ངང་སྡོད་སར་བསྡད་པ་དང་ཁྲ་ཆུང་མིག་གཉིས་ལ་ཡ་མཚན་དང་རེ་སྒུག་གིས་ཁེངས། བཀོད་འདོམས་པས་བཀའ་བཏང་བ་དང་བསྟུན་ནས། དམག་རྩལ་གྱི་འཁྲབ་སྟོན་མགྱོགས་མྱུར་འགོ་བརྩམས་པས་སྐད་ཅིག་ཉིད་དུ་ཚོགས་ར་ཡོངས་འཁྲུག་ཆ་དོད་དུ་སོང་། དཔོན་དམག་ཚོས་སྦྱོང་བརྡར་གྱི་གྱོན་ཆས་གྱོན་ཏེ་སྐད་ཤུགས་ཆེན་པོས་སྦྱོང་བརྡར་གྱི་ལུས་རྩལ་བྱང་ཆ་དོད་པོས་བརྩེས། “ཨ་ཁུ་ལགས་ཤུགས་རྒྱོབ” རྔམ་བརྗིད་ཀྱི་རྣམ་པ་དེར་བྱིས་པ་རྣམས་ཧང་སངས་ཏེ་ཐལ་མོ་ཡང་ཡང་བརྡབས་ནས་དཔོན་དམག་ཚོའི་དཔའ་བོའི་གཟུགས་བརྙན་ལ་ཡིད་སྨོན་ཆེན་པོ་སྐྱེས།
བརྩེ་བ་དང་དྲོ་སྐྱིད་ཀྱིས་ཁེངས་པའི་བྱེད་སྒོ་དེ་ནི་དུས་རབས་གསར་པའི་དམག་གཅེས་དམངས་དང་དམངས་བཀུར་དམག་གི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ལ། དམག་དཔུང་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་དར་རྒྱས་ཡོང་བའི་དད་སེམས་དེ་ཕྲུ་གུ་ཚོའི་སེམས་སུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།