བོད་དམག་ཁུལ་ཁང་གིས།
2025ལོར་སློབ་མཐར་ཕྱིན་པའི་དམག་ཁོངས་དམག་དཔོན་གྱི་སྦྱོང་བརྡར་རུ་ཁག་ལ་དུས་དཀྱིལ་དཔྱད་ཞིབ་བྱས་པ།

↑འདི་ནི་སྦྱོང་བརྡར་བྱ་ཡུལ་ཡིན་པ།
ཉེ་ཆར། བོད་དམག་ཁུལ་ཁང་གིས་2025ལོར་སློབ་མཐར་ཕྱིན་པའི་དམག་ཁོངས་དམག་དཔོན་གྱི་སྦྱོང་བརྡར་རུ་ཁག་ལ་དུས་དཀྱིལ་དཔྱད་ཞིབ་བྱེད་འགོ་ཚུགས་ཤིང་། ཕའེ་ཀྲང་གསར་པ་ཚོ་ས་མཐོའི་འཕྲོད་ཡུན་ཐེངས་གཉིས་པ་ལས་མགྱོགས་མྱུར་སྒྲོལ་བར་རོགས་རམ་བྱས་ཏེ་སྔོན་གྱི་སྦྱོང་བརྡར་གྱི་ཕན་འབྲས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་གྱིས་ཉམས་སད་ཐེག་ཐུབ་པའི་དམག་དོན་གྱི་བྱང་ཚད་ལ་ཞུན་བརྡར་བྱས་པ་རེད།
དཔྱད་ཞིབ་ཀྱི་ནང་དོན་ཚན་རིག་དང་མཐུན་ལ་དངོས་འཐབ་དང་འཚམ་པར་འགན་ལེན་བྱ་ཆེད། སྦྱོང་བརྡར་རུ་ཁག་གིས་སྔོན་ལ་སློབ་མ་ཡོངས་དང་སློབ་ཁྲིད་དོ་དམ་རྐང་འཛིན་སྒྲིག་འཛུགས་བྱས་ཏེ《དམག་དོན་སྦྱོང་བརྡར་རྩ་འཛིན》ཆེད་དོན་སློབ་སྦྱོང་བྱས་ནས“རིགས་པའི་གཞུང་ལུགས་སློབ་ཁྲིད་དང་། གྱོད་དཔེར་དབྱེ་ཞིབ། དངོས་སྦྱོང་གསལ་སྟོན་བཅས་ཟུང་དུ་འབྲེལ་བའི་རྣམ་པ་སྤྱད་ནས། སློབ་མའི་རྩ་གནད་གསལ་འགྲེལ་དང་། སློབ་ཁྲིད་ཇུས་འགོད། ཚོགས་ཆུང་སྦྱོང་བརྡར་བྱེད་ནུས་བཅས་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་པ་རེད།
གོམ་སྟབས་རྗེས་མར་སྦྱོང་བརྡར་རུ་ཁག་གིས་ད་ཐེངས་ཀྱི་དུས་དཀྱིལ་དཔྱད་ཞིབ་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྦྱོང་བརྡར་ལ་ཞུགས་མཁན་སློབ་མ་ཡོངས་ཀྱི་ཕྱོགས་བསྡུས་ནུས་པ་དང་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་ཁོང་ཚོ་འབྱུང་འགྱུར་གཞི་རིམ་གྱི་ལས་གནས་སུ་ཞུགས་ནས་ལས་འགན་དང་དུ་ལེན་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།