རྩྭ་མདའ་རྫོང་གིས་ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་གཏིང་ཟབ་བྱས་པ།
མང་ཚོགས་ཀྱི་རྩོད་གཞི་ཁྲིམས་ལྟར་འདུམ་འགྲིག་མགྱོགས་པོ་བྱས་པ།

འདི་ནི་མང་ཚོགས་ཀྱིས་རྩྭ་མདའ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་ཕུལ་བའི་གོས་དར་ཡིན་པ།
ཉེ་ཆར། མང་ཚོགས་འགའ་ཞིག་གིས“ཕྱོགས་བསྡུས་བཅོས་སྐྱོང་ཞབས་ཞུས་མི་སེམས་དྲོས། དཀའ་ངལ་སེལ་བས་གཉེན་ཉེ་ལས་ཀྱང་ལྷག”ཅེས་འཁོད་པའི་གོས་དར་རྩྭ་མདའ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་ཕུལ་ཏེ། ལས་དོན་པས་རྩོད་གཞི་བདེ་བླག་ངང་ཐག་བཅད་ནས་གྱོང་གུན་སྒོར་ཁྲི་40ལྷག་ཙམ་མི་ཕོག་པར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།
འདི་ལོ་ཚུན་དུ། རྩྭ་མདའ་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་མཛུབ་ཁྲིད་འོག རྫོང་དེའི་རྫོང་དང་ཤང་རིམ་གཉིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་ཏེ། “ཐུབ་པ་བཞི་དང་མི་བྱེད་པ་བཞིའི”ལས་ཀའི་བླང་བྱ་མཐའ་འཁྱོངས་ཀྱིས“གོམ་སྟབས་དགུའི”ལས་ཀའི་བརྒྱུད་རིམ་ཁྱབ་གདལ་བཏང་ནས་གཞི་རིམ་བཅོས་སྐྱོང་གཏིང་ཟབ་བྱས་པ་དང་། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་མགྱོགས་མྱུར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བས། གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་ཕྱིན་ནས་མང་ཚོགས་བློ་ཡིད་ཚིམ་པོ་བྱུང་ཡོད། མིག་སྔར། རྫོང་དེའི་རིམ་གཉིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་12ཚད་ལྡན་ཅན་དུ་བསྐྲུན་ནས་མི་འབོར་ཁྲི་2.3ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། རྒྱུན་སྡོད་དང་། རེས་སྐོར་བཅས་སྡོད། དེ་བཞིན་སྐབས་བསྟུན་བཅའ་སྡོད་བཅས་ཚན་པ་ཁྱོན་37བསྡུ་སྒྲིལ་བྱས་ནས་ཟླ་རེར་ཆ་སྙོམས་མང་ཚོགས་མི་ཐེངས་120ལྷག་ཙམ་གྱི་བློ་འདྲི་དང་རེ་འདུན་དང་ལེན་ཞུས་ཡོད།
གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞིའི་རྙོག་འཛིང་རང་བཞིན་དང་སྣ་མང་རང་བཞིན་སོགས་ཀྱི་གནད་དོན་ལ་དམིགས་ནས། འགལ་ཟླ་དང་རྩོད་གཞི་སེལ་བའི་ལས་ཕྱོད་ཆེ་རུ་གཏོང་ཆེད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “གོམ་སྟབས་དགུའི”(ཐོ་འགོད་དང་། བདག་སྤྲོད། རིགས་དབྱེ། ཁག་བགོས། སྒྲུབ་གཉེར། ཚུར་ལན། ཞིབ་དཔྱད། ཐོ་སུབ། “ཕྱིར་མིག་ལྟ་བ”བཅས་ཀྱི་ལྷུ་ཚིགས)ལས་ཀའི་བརྒྱུད་རིམ་ལག་ལེན་བསྟར་བས། “སྡེ་ཚན་བགོས་ནས་དམག་འཐབ་བྱེད་པ”ནས“མཉམ་འདྲེས་མཐུན་སྦྱོར་གྱི་དམག་འཐབ་བྱེད་པའི་”བར་དུ་འགྱུར་ལྡོག་བྱུང་སྟེ། འགལ་ཟླ་དང་རྩོད་གཞི“གཅིག་འཐུས་རྣམ་པའི”སྒོ་ནས་ཐག་གཅོད་ཐུབ་པ་དང་། གནད་དོན་མཉམ་བཅོས་དང་། ལས་དོན་མཉམ་སྒྲུབ། བདེ་འཇགས་མཉམ་གཏོད་བཅས་ཀྱི་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་གཏོད་ཐུབ་པ་བྱུང་ཡོད།
རྩྭ་མདའ་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་སྐར་མ་ཡོན་ཏན་གྱིས། “གོམ་སྟབས་དགུའི”ལས་ཀའི་བརྒྱུད་རིམ་ཁྱབ་གདལ་བཏང་བས་ལས་ཕྱོད་ཆེ་རུ་ཕྱིན་པ་དང་། དེ་ཁྱབ་གདལ་བཏང་བ་ནས་བཟུང་འགལ་ཟླ་དང་རྩོད་གཞི་104བདག་སྤྲོད་བྱས་པ་ཚང་མ་གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་ཐུབ་ནས་ལེགས་གྲུབ་བྱུང་ཚད་100%ཟིན་ཡོད་ཅེས་བཤད།
ངོ་སྤྲོད་བྱས་པར་གཞིགས་ན། རྫོང་དེའི་རྫོང་དང་ཤང་རིམ་གཉིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཁོ་ནས་སྒྲུབ་གཉེར་བྱས་པའི་གྱོད་གཞི་100%ལྷག་ཙམ་ཟིན་ཞིང་། རིམ་རྩིས་བརྒྱབ་ན་ནང་ཁུལ་གྱི་འགལ་ཟླ་དང་རྩོད་གཞི་ཁག་104ཐག་གཅོད་བྱས་པ་དང་། འབྱུང་རྩའི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ཁག་200ལྷག་ཙམ་གྲལ་བཤེར་བྱས་པ་དང་འབྲེལ་ཐག་གཅོད་བྱེད་འགོ་བཙུགས་པ། སྡེ་ཚན་གྱི་མཉམ་འབྲེལ་ཚོགས་འདུ་དང་། གྱོད་དོན་ཞིབ་གཅོད་ཚོགས་འདུ་ཐེངས་5འཚོགས་ནས་བྱ་ཐབས་སྣ་མང་ལ་བརྟེན་ནས་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་100%ཟིན་པ། ས་ཡུལ་དངོས་སུ་རྩོད་གཞི་ཁག་30ལྷག་ཙམ་ཐག་གཅོད་བྱས་པ་དེས་35%བཟུང་བ་དང་ས་གནས་ས་ཐོག་ཏུ་དོན་འཁྱོལ་བྱས་པའི་དངུལ་འབོར་སྒོར་ཁྲི་50ལྷག་ཙམ་ཟིན་ཡོད། ཞིང་པ་ལས་མིའི་འགྱངས་ཆད་གླ་ཆ་སྒོར་ཁྲི་183ལེན་རོགས་བྱས་པ་དང་བཅའ་ཁྲིམས་ཀྱི་ཞབས་ཞུ་སྣ་ཚོགས་ཐེངས་100ལྷག་ཙམ་ཞུས་ཡོད།
འབྲེལ་ཡོད་གསར་འགྱུར།