ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།
རྒྱལ་ཡོངས་ཁྲིམས་ཁང་གི་ལག་བསྟར་འབྲེལ་ཁོངས་ཀྱི་ཆེད་དོན་བརྙན་ལམ་གསོ་སྦྱོང་ཚོགས་འདུའི་དགོངས་དོན་དང་ལས་ཀའི་བཀོད་སྒྲིག་ལག་བསྟར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གི་དུས་ཚིགས་བཞི་པའི“སྐར་འོད”ལག་བསྟར་ནན་པོ་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་ཞིབ་གཅོད་མཇུག་བསྡུའི་གནས་ཚུལ་དང་། ལག་བསྟར་ཟིན་ཚད། ལག་བསྟར་གནད་ལ་འཁེལ་ཚད་སོགས་སྟོན་གྲངས་གལ་ཆེན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ཁང་གིས་ཆེད་དོན་བྱ་སྤྱོད་ཀྱི་དམིགས་ཚད་བླང་བྱར་དམ་པོར་དམིགས་ཏེ། ཐོན་ཁུངས་བསྡུ་སྒྲིལ་ལ་ཤུགས་རྒྱག་པ་དང་། ས་ཁོངས་ཀྱི་དབྱེ་མཚམས་མེད་པར་བཟོ་བ། ཡུག་ཁུལ་ཁག་གི་ལག་བསྟར་སྟོབས་ཤུགས་སྤྱི་འདོམས་བསྡུ་སྒྲིལ་བྱེད་པ། ས་ཁོངས་ལས་བརྒལ་བའི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ལག་བསྟར་གྱི“མཐའ་ཚད”ནན་པོ་སྲུང་བ་བཅས་བྱས་ཏེ། བྱ་ཐབས་སྤྱོད་གོ་ཆོད་པ་དང་། གྱོད་འབྲེལ་མ་དངུལ་དོ་དམ། མཐའ་མའི་དོ་དམ་སོགས་ཀྱི་ལས་དོན་ཁྲོད་ནུས་ཤུགས་ཡོད་རྒུས་གྱོད་སྒྲུབ་ཀྱི་སྤུས་འབྲས་ཆེ་རུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།