རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་ཀྱིས།
བཙོན་ཁང་དུ་འདྲི་རྩད་བྱེད་པའི་ཆེད་དོན་སློབ་ཚན་འཚོགས་པ།
བཙོན་ཁང་གི་མྱུལ་ཞིབ་མི་དམངས་ཉེན་རྟོག་པའི་ལས་སྒོའི་རྨང་གཞི་སྔར་བས་བརྟན་དུ་དང་བཙོན་ཁང་གི་འདྲི་རྩད་ལས་དོན་ཚད་ལྡན་དང་ཆེད་ལས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་སྟེ་བཙོན་ཁང་གི་ཁྲིམས་འགལ་ཉེས་གསོག་བྱ་བར་རྡུང་རྡེག་གཏོང་བའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་ཀྱིས་ཀྲུང་དབྱང་སྲིད་ཁྲིམས་ཉེན་རྟོག་དཔོན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཧོའུ་དབྱིན་ཆི་གདན་དྲངས་ནས་བཙོན་ཁང་དུ་འདྲི་རྩད་བྱེད་པའི་ཆེད་དོན་སློབ་ཚན་འཚོཌ་པ་རེད།
སློབ་ཚན་འཁྲིད་རིང་། ཧོའུ་དབྱིན་ཆིས་རང་ཉིད་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་གི་གྲུབ་འབྲས་དང་དངོས་འཐབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་ཟུང་འབྲེལ་ཐོག་བཙོན་ཁང་གི་འདྲི་རྩད་ལས་དོན་གྱི་ལྟེ་བའི་ནང་དོན་ལ་དམིགས་ཏེ། བཙོན་ཁང་དུ་འདྲི་རྩད་བྱེད་པའི་རྩ་དོན་དང་། འདྲི་རྩད་མཇུག་འགྲིལ་བའི་བླང་བྱ། བཙོན་ཁང་དུ་འདྲི་རྩད་བྱེད་པའི་ཁྱད་ཆོས། འདྲི་རྩད་ཀྱི་ཉེས་དོན་ལས་རིམ་དང་ཚད་བཀག འདྲི་རྩད་བྱེད་རིང་ཉེས་གསོག་དོགས་ཅན་གྱི་སེམས་ཁམས་ཀྱི་འཁྱེར་སོ། འདྲི་རྩད་བྱེད་ཐབས་བཅས་ཕྱོགས་དྲུག་གི་ཐོག་ནས་འགྲེལ་བཤད་ཆ་ཚང་པོ་བརྒྱབ་པ་རེད།
འབྲེལ་ཡོད་གསར་འགྱུར།