དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བོད་ཀྱིས་རྩ་ཁྲིམས་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་གཏོང་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-23

    འདི་ནི་འབྲེལ་ཡོད་ལས་དོན་པས་མང་ཚོགས་ལ་སྲིད་ཇུས་གསལ་འགྲེལ་བྱེད་བཞིན་པ།

     ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་གཙོ་གཉེར་བྱས་ཤིང་ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་དང་། མལ་གྲོ་གུང་དཀར་རྫོང་མི་དམངས་སྲིད་གཞུང་གིས་སྒྲུབ་རོགས་བྱས་པའི“བཅའ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད”ཅེས་པའི་རྩ་ཁྲིམས་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་གཏོང་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་མལ་གྲོ་གུང་དཀར་རྫོང་ལ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། འབྲེལ་ཡོད་འགན་འཁུར་བས་བཅའ་ཁྲིམས་ཞིང་འབྲོག་ཁུལ་དུ་ཁྱབ་གདལ་གཏོང་བའི་དོན་སྙིང་དང་། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་གྱི་ཕན་འབྲས་མཉམ་སྤྱོད་བྱས་པ་དང་སྦྲགས་དཔེ་དེབ་ཞལ་འདེབས་འབུལ་བའི་མཛད་སྒོར་ཞིང་འབྲོག་པའི་འཐུས་མིར་བོད་རྒྱ་ཡིག་རིགས་གཉིས་ཀྱི《རྩ་ཁྲིམས》དང་ཁྲིམས་ལུགས་ཁྱབ་གདལ་གྱི་དཔྱད་གཞི་སྤྲད་པ་མ་ཟད། ས་གནས་ས་ཐོག་ཏུ་ཤེས་བྱའི་འགྲན་བསྡུར་དང་། གྱོད་དཔེར་གསེད་བཀྲོལ། ཁྲིམས་སྐྱོང་གི་གཏམ་རྒྱུད་མཉམ་སྤྱོད་སོགས་ཀྱི་རྣམ་པ་བརྒྱུད་ཁྲིམས་ལུགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ཞིང་། ཁྲིམས་རྩོད་པའི་དཔུང་ཁག་དང་། སྤྱི་བདེ། དམངས་སྲིད་སོགས་སྡེ་ཚན་ལས་གྲུབ་པའི་རྐང་འཛིན་པས་མང་ཚོགས་ལ་ཁྲིམས་ལུགས་བློ་འདོན་དང་། སྲིད་ཇུས་ལ་ལན་འདེབས་པ། ཁྲིམས་ལུགས་ཁྱབ་གདལ་གྱི་དངོས་ཟོག་སྤྲོད་པ་སོགས་ཀྱང་བྱས་ཡོད།

    རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་དང་། ལྷ་ས་གྲོང་ཁྱེར་དང་མལ་གྲོ་གུང་དཀར་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་། གཞི་རིམ་གྱི་ལས་བྱེད་པ། ཁྲིམས་སྦྱོང་སྤྱོད་བྱེད་མཁན་དཔེ་མཚོན་འཐུས་མི། ཞིང་འབྲོག་མང་ཚོགས་300ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།