དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གཞིས་རྩེ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

    ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་ཞིབ་གཅོད་མཇུག་བསྒྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-23

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཉེས་དོན་གྱོད་གཞི་ཞིག་ཁྲིམས་ལྟར་ཞིབ་གཅོད་མཇུག་སྒྲིལ་ཞིང་། ཞུ་སྦྱོར་ཕྱི་མ་ཚེ་ཆེ་གེ་མོས(འགྱུར་མིང)བྱིས་པར་ཆགས་རྩེད་དང་བཙན་གཡེམ་གྱི་བྱས་ཉེས་བསགས་པས་ཁྲིམས་ཁང་གིས་ཉེས་མང་སྡེབ་གཅོད་བྱས་པ་དང་དུས་མཚུངས་སུ་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་གཏུགས་དམ་ཟབ་ཡོད་པའི་འབྲེལ་ཡོད་ལས་ཀ་བྱེད་མི་ཆོག་པའི་བཀག་སྡོམ་ཀྱང་བྱས་པ་རེད།

    གྱོད་གཞི་འདིར་ཞིབ་གཅོད་བྱེད་རིང་། ཁྲིམས་ཁང་གིས་ཡོངས་བསྒྲགས་སུ་ཞིབ་གཅོད་མི་བྱེད་པའི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ། གནོད་འཚེ་ཕོག་མཁན་གྱི་གསང་བ་སྲུང་སྐྱོང་དང་ལུས་སེམས་བདེ་ཐང་འགན་སྲུང་ཨང་དང་པོར་བཞག་ཡོད། གྱོད་གཞི་ཞིབ་གཅོད་མཇུག་སྒྲིལ་རྗེས་ཁྲིམས་ལྟར་ཡོངས་བསྒྲགས་སུ་དཔྱད་མཚམས་ཁྱབ་བསྒྲགས་བྱས་ཏེ། ཁྲིམས་འཛིན་དྲང་བདེན་གྱི་མཐའ་ཚད་བསྲུངས་པ་མ་ཟད། གྱོད་དཔེའི་སྤྱི་ཚོགས་ཀྱི་ཉེན་བརྡའི་ནུས་པ་ཡང་དཔེ་སྟོན་ཐོན་པས་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཡག་པོ་བྱུང་བ་རེད།

    ཞིབ་གཅོད་བྱས་ཏེ་རྩད་ཆོད་པ་ལྟར་ན། ཞུ་སྦྱོར་ཕྱི་མས་རང་ཉིད་ཀྱི་དམིགས་བསལ་གྱི་ཐོབ་ཐང་དང་སྟབས་བདེའི་སྡོད་གནས་བེད་སྤྱད་དེ་ན་སོ་དར་ལ་མ་བབས་པའི་མི་མང་པོ་ཞིག་ལ་ཆགས་རྩེད་དང་བཙན་གཡེམ་སོགས་ཀྱི་བྱས་ཉེས་བསགས་པས། གནོད་འཚེ་ཕོག་མཁན་གྱི་ལུས་སེམས་བདེ་ཐང་ལ་གསོ་ཐབས་བྲལ་བའི་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཁྲིམས་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁོ་པའི་ཉེས་གསོག་གི་གནས་ཚུལ་དང་གནོད་འཚེའི་མཇུག་འབྲས་དེ་བཞིན་རང་ངོས་ཀྱི་ངན་གཤིས་བཅས་དང་ཟུང་འབྲེལ་བྱས་ནས་གོང་གསལ་གྱི་དཔྱད་མཚམས་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།