དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • རིན་སྤུངས་རྫོང་ཁྲིམས་ཁང་གིས“སྤྲིན་ཚོམ”ནས་དམངས་ཁྲོད་ཀྱི་དངུལ་བུན་གཡར་བའི་རྩོད་གཞི་ཞིག་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-23

    2025ལོའི་ཟླ་8པར། ཞུ་སྦྱོར་ཕྱི་མ་རྣམ་ཆེ་གོ་མོས་ཁྱིམ་ཚང་གི་ཐོན་སྐྱེད་གཉེར་སྐྱོང་ཆེད་དུ་ཞུ་སྦྱོར་སྔ་མ་ཟླ་ཆེ་གེ་མོའི་ས་ནས་དངུལ་བུན་སྒོར་41000གཡར་བ་དང་། ཕྱོགས་གཉིས་པོས་ཡིག་ཐོག་གི་གཡར་འཛིན་བཞག་ནས་དུས་བཀག་ཟླ་བ་2བཟོས་པ་ལས་སྐྱེད་ཀའི་སྐོར་ལ་ཁ་ཆད་བྱུང་མེད། དུས་བཀག་ཐིམ་རྗེས་ཞུ་སྦྱོར་སྔ་མས་ཞུ་སྦྱོར་ཕྱི་མ་ཐེངས་མང་བཙལ་ནས་འདེད་ལེན་བྱས་ཀྱང་ལག་དངུལ་འདང་གི་མེད་ལུགས་བརྗོད་དེ་བུ་ལོན་ནར་འགྱངས་བྱས་པས། ཞུ་སྦྱོར་སྔ་མས་རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད།

    རིན་སྤུངས་རྫོང་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་བདག་སྤྲོད་བྱས་ནས་ཞིབ་དཔྱད་བྱས་པ་བརྒྱུད། གྱོད་གཞི་འདི་དོན་དངོས་ཁ་གསལ་ཞིང་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་གསལ་པོ་ཡོད་པས་རྩོད་གཞི་ཆེན་པོ་མེད་པ་དང་། དངུལ་བུན་གྱི་དམིགས་རྟེན་གྲངས་ཚད་ཀྱང་འབོར་ཉུང་གཏུག་གཤེར་གྱོད་གཞིའི་ཚད་གཞི་དང་མཐུན་པ་མ་ཟད། དོ་བདག་ཕྱོགས་གཉིས་པོས་དྲ་ཐོག་ནས་ཐག་གཅོད་བྱ་རྒྱུའི་མོས་མཐུན་བྱས་པ་རེད། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་ཕྱོགས་གཉིས་པོ་དྲ་ཐོག་གི་ལས་སྟེགས་ནས་གྱོད་གཞི་ཐག་གཅོད་བྱེད་དུ་བཅུག་པ་དང་། ཞུ་སྦྱོར་ཕྱི་མར་དམངས་ཁྲོད་དངུལ་བུན་གཡར་ན་འཇལ་དགོས་པའི་འོས་འགན་ཡོད་པའི་སྐོར་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམངས་དོན་ཁྲིམས་གཞུང》གི་གཏན་འབེབས་གསལ་བཤད་བྱས་པ་དང་། བུ་ལོན་མ་འཇལ་ཚེ་ཁྲིམས་ཀྱི་ཆད་པ་ཕོག་ངེས་ཡིན་པ་གསལ་པོ་བཤད་པ་རེད། དེ་དང་ཆབས་ཅིག ངང་རྒྱུད་རིང་པོས་ཕྱོགས་གཉིས་པོའི་རེ་བ་ཉན་པ་དང་ཕན་ཚུན་བསམ་ཤེས་བྱེད་དགོས་པ་ཁྲིད་སྟོན་བྱས་པས། མཐའ་མར་ཕྱོགས་གཉིས་པོ་གྲོས་མཐུན་འགྲིག་ནས་ཞུ་སྦྱོར་ཕྱི་མ་རྣམ་ཆེ་གེ་མོས་2025ལོའི་ཟླ་10པའི་ཚེས་25ཉིན་གོང་ཞུ་སྦྱོར་ཕྱི་མ་ཟླ་ཆེ་གེ་མོར་དངུལ་བུན་སྒོར་41000སྡེབ་གཅིག་ལ་འཇལ་དགོས་པ་ཐག་གཅོད་བྱས་པ་རེད། དེས་ན་གྱོད་གཞི་དེ་ཐག་གཅོད་ལེགས་གྲུབ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།