རི་བོ་ཆེ་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་རྩད་ཆོད་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་གཅིག་བཟུང་ནས་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་སྒོར་124100ཕྱིར་བླངས་པ་རེད།
ཉེ་ཆར། “ང་ལ་དྲ་ཐོག་ནས་ཁ་བསླུས་ཐེབས་བྱུང་། ཁྱེད་ཚོས་རོགས་རམ་གནང་རོགས”ཞེས་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ལ་ཁོངས་གཏོཌ་ཁུལ་གྱི་གྲོང་མི་དབྱིན་ཆེ་གེ་མོའི་གྱོད་དོན་སྙན་སེང་འབྱོར། རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་དུ་ཉེན་རྟོག་པ་ཧྲག་པོ་སྒྲིག་འཛུགས་བྱས་ནས་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུཌ་ཏེ་བརྟག་དཔྱད་དཔང་ལེན་བྱས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཡུལ་གཞན་དུ་ཞིབ་བཤེར་ཐག་གཅོད་བྱེད་པའི་འགོག་རྐྱེན་མང་པོ་སེལ་བ་དང་ཉིན་མཚན་དབྱེར་མེད་ངང་འབད་འཐབ་བྱས་ཏེ། དཔང་རྟགས་དང་དཔྱད་ཡིག་འབོར་ཆེན་འཚོལ་བསྡུ་བྱས་པ་མ་ཟད། གསེད་བཀྲོལ་དང་ཞིབ་འཇུག་བརྡར་གཅོད་ཐེངས་མང་བྱས་པ་དང་ཧྲང་ཧའེ་དང་། ཅང་སུའུ། ཨན་ཧུའེ། ཀྲེ་ཅང་སོགས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་ཁག་ཏུ་བརྟག་དཔྱད་བྱེད་པར་བསྐྱོད་མཐར་ཉེས་གསོག་དོགས་ཅན་གཏན་འཁེལ་ཐུབ་ཡོད། ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་འོག ཉེས་གསོག་དོགས་ཅན་ཝང་ཆེ་གེ་མོ་བདེ་བླག་ངང་བཟུང་བ་རེད།
མིག་སྔར་གྱོད་གཞི་དེརསྔར་བས་ཞིབ་བཤེར་ཐག་གཅོད་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།