སྣ་མང་ཅན་གྱི་འདུམ་འགྲིག་བྱེད་སྟངས་གསར་པ་བཏོད་པ།
—— སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་བཏོད་པ།
སྦྲ་ཆེན་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་སྐྱོད་སྐབས། ཁྲིམས་ཁང་གི་ཞབས་ཞུའི་སྒེའུ་ཁུང་མདུན་དུ་ལས་དོན་པས་བྲེལ་བརྩོན་ཆེན་པོས་མང་ཚོགས་ཀྱི་རེ་ཞུ་ཐག་གཅོད་བྱེད་པའི་གཟུགས་བརྙན་མཐོང་ཐུབ།
ཉེ་བའི་ལོ་ཤས་རིང་། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་རེ་ཞུ་སྣ་མང་ཅན་དུ་སོང་བ་དང་བསྟུན་ནས། འགལ་ཟླ་དང་རྩོད་གཞི་སྣ་ཁ་མང་བ་དང་། འབྱུང་རྐྱེན་རྙོག་དྲ་ཆེ་བ། ཐག་གཅོད་དཀའ་བ་སོགས་ཀྱི་ཁྱད་ཆོས་མངོན་ཡོད།
ད་ལོ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ནང“དུས་རབས་གསར་པའི‘ཧྥེང་ཆའོ་ཉམས་མྱོང’མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་རམ་འདེགས་བྱེད་དགོས”ཞེས་བཏོན་ཡོད།
གཞི་རིམ་ཁྲིམས་ཁང་ནི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་འཐབ་ས་དང་པོར་གནས་པ་དང་མང་ཚོགས་དང་འབྲེལ་བ་ཟབ་ཏུ་གཏོང་བའི་མདུན་ཤོས་སུ་གནས་པས། ཉེས་གསོག་ལ་ཆད་པ་བཅད་དེ་མི་དམངས་ལ་སྲུང་སྐྱོབ་བྱེད་པ་དང་། དྲང་བདེན་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད། མང་ཚོགས་ལ་གཅིག་འཐུས་རྣམ་པའི་ཞབས་ཞུའི་སྟབས་བདེ་ཇི་ལྟར་སྐྲུན་དགོས་པའི་ཐད། སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་རང་འགུལ་ངང་གཞི་རིམ་བཅོས་སྐྱོང་གི་བཀོད་ཇུས་ཆེན་པོའི་ནང་མཉམ་འདྲེས་བྱས་ནས་ཁྲིམས་འཛིན་ཐོན་ཁུངས་གཤམ་འོག་ལ་ཕྱོགས་པ་དང་ཞབས་ཞུའི་ལས་དོན་སྔ་སྣུར་དུ་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ། “ཁྲིམས་ཁང་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཟུང་འབྲེལ”གྱི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་བཙུགས་པ་རེད།
སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཆེད་མངགས་གཏུག་བཤེར་ཞབས་ཞུའི་སྒེའུ་ཁུང་བཟོས་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། མང་ཚོགས་ཀྱི་ལས་སྒྲུབ་འཇོན་ཐང་ཆེ་བ། ལས་སྒོའི་འཇོན་ཐང་འབུར་དུ་ཐོན་པ་བཅས་ཀྱི་ཕུལ་བྱུང་ཁྲིམས་དཔོན་དང་ཟིན་འགོད་པ་བདམས་ནས་ཆེད་ལས་ཚོགས་པ་བཙུགས་ཏེ་རྒྱུན་སྡོད་གཞུང་ལས་བསྒྲུབས་པར་བཅའ་ཁྲིམས་བློ་འདྲི་དང་། སྔོན་ཚུད་འདུམ་འགྲིག མཛུབ་ཁྲིད་འདུམ་འགྲིག གཏུག་བཤེར་འདུམ་འགྲིག་སོགས་གཅིག་འཐུས་ཞབས་ཞུ་གཅིག་ཏུ་འདུས་ཡོད་པ་དང་། མི་དམངས་ཁྲིམས་ཁང་གི་འདུམ་འགྲིག་ལས་སྟེགས་ལ་བརྟེན་ནས་ཁྲིམས་འཛིན་དང་། སྤྱི་བདེ། མི་སྤྱི་སོགས་སྡེ་ཚན་གྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་ཆ་འཕྲིན་སྤེལ་རེས་དང་། ཐོན་ཁུངས་མཉམ་སྤྱོད། ནུས་པ་གསབ་རེས་བཅས་ཀྱི་མཉམ་རོགས་བཅོས་སྐྱོང་བྱེད་སྟངས་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་བ་རེད།
འདུམ་འགྲིག་པ་ནི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་བཅའ་སྡོད་བྱས་རྗེས“བྱེ་བྲག་གྱོད་གཞིར་མཛུབ་ཁྲིད་དང་ཆེད་དོན་གསོ་སྦྱོང་ཟུང་འབྲེལ”གྱི་ལམ་སྲོལ་གཉིས་ལྡན་གྱི་རྣམ་པ་སྤྱད་དེ་རྩོད་གཞིའི་ངོ་བོ་གཏན་འཁེལ་དང་སྤྱད་འཐུས་ཀྱི་བཅའ་ཁྲིམས་སོགས་ཐད་ཀྱི་འདུམ་འགྲིག་པའི་དོགས་གཞིར་དཔང་རྟགས་ཁས་ལེན་དང་ཇུས་གཞིར་ཞིབ་བཤེར་བྱེད་པ་ནས་གྲོས་མཐུན་ཇུས་འགོད་བར་གྱི་བརྒྱུད་རིམ་ཡོངས་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་པ་རེད། དེ་དང་ཆབས་ཅིག་རྒྱུ་རྐྱེན་གཙོ་བོ་རྣམ་པའི་དཔེ་སྟོན་ཡིག་ཆ་དང“བྱང་གི‘ལྟ་རྟོག་གསུམ་དང་གོམ་པ་དགུའི’ལས་དོན་སྒྲུབ་སྟངས”ཁྱབ་གདལ་ཧུར་ཐག་བཏང་ནས་འདུམ་འགྲིག་ལས་དོན་ཚད་ལྡན་ཅན་དང་ཆེད་ལས་ཅན་ལ་སྐུལ་འདེད་བཏང་བ་རེད།
གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་6ཚེས་3ཉིན་སྦྲ་ཆེན་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དངོས་སུ་ལས་གཉེར་བྱས་ཚུན། སྦྲ་ཆེན་རྫོང་མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་ཆེད་ལས་ཚོགས་པས་གྱོད་གཞི་ཁག་134བདག་སྤྲོད་བྱས་པ་དང་མང་ཚོགས་མི་ཐེངས་70ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་ཏེ། དོན་ཆུང་གྲོང་ཚོ་ནས་ཐག་གཅོད་དང་། དོན་ཆེན་གྲོང་རྡལ་ནས་ཐག་གཅོད། འགལ་ཟླ་གོང་ལ་མི་ཞུ་བ་བཅས་དངོས་སུ་བསྒྲུབས་པ་དང་། མང་ཚོགས་ལ“སྒེའུ་ཁུང་གཅིག་ཏུ་སྒྲུབ་པ་དང་། སྣ་མང་སྦྲེལ་མཐུད་བྱེད་པ། ས་ཚིགས་གཅིག་ནས་ཐག་གཅོད་བྱེད་པའི”སྟབས་བདེ་བའི་ཞབས་འདེགས་ཞུ་བ། འབྱུང་རྩ་ནས་མང་ཚོགས་ཀྱི་གཏུག་བཤེར་ཉུང་དུ་བཏང་ནས་ཁྲིམས་འཛིན་གྱི་དྲང་གཞག་ཚོར་རྒྱུ་ཡོད་པར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།