བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གིས་གློ་བའི་མདུད་འབུར་གྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་བ།

འདི་ནི་དྲན་པ་གསོ་ཐབས་སྦྱོང་བརྡར་དང་AED(སྙིང་ལྡིང་སྙོམས་ཆས)ཚད་ལྡན་བེད་སྤྱོད་སོགས་ཀྱི་འབྲེལ་ཡོད་མྱུར་སྐྱོབ་གསོ་སྦྱོང་བྱེད་བཞིན་པ།
2025ལོའི་རྒྱལ་སྤྱིའི་གློ་སྐྲན་ཉིན་མོ་འཆར་ཉེའི་མཚམས་སུ། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་སྙིང་བྲང་ཕྱི་ནད་ཚན་ཁག་ཚོགས་པས“གློ་བའི་བདེ་ཐང་ལ་དོ་ཁུར་བྱས་ནས་དབུགས་ལམ་ཡག་པོ་སྲུང་བ”བརྗོད་དོན་གཙོ་བོར་བྱས་པའི་དམག་སྒར་དུ་སྐྱོད་པའི་བྱེད་སྒོ་སྤེལ་ནས་གློ་བའི་མདུད་འབུར་གྱི་ཚན་རིག་ཁྱབ་གདལ་འཆད་ཁྲིད་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། ས་གནས་ས་ཐོག་ཏུ་དོགས་གཞིར་ལན་འདེབས་པ་དང་ནད་བརྟག་སྨན་བཅོས་བྱེད་པ་སོགས་བྱས་པ་དང་། བྱེད་སྒོ་སྤེལ་བ་བརྒྱུད་དཔོན་དམག་ཚོས་གློ་བའི་ནད་གཞིའི་སྐོར་ཤེས་རྟོགས་ཇེ་ཆེར་ཕྱིན་ནས་དཔོན་དམག་ཚོའི་སེམས་ཁྲལ་ཆུང་དུ་ནུས་ལྡན་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།