དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ཁང་བདག་གིས་བོགས་མར་བཏང་བའི་ཁང་པ་འཚོང་བའམ་ཡང་ན་གཏའ་མར་འཇོག་ཆོག་གམ། ཁང་པ་བཙོངས་ཚེ་ཁང་པ་གཡར་མཁན་ལ་བརྡ་ཐོ་གཏོང་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-16

    ལན། ཁང་བདག་གིས་བོགས་མར་བཏང་བའི་ཁང་པ་འཚོང་བའམ་ཡང་ན་གཏའ་མར་འཇོག་ཆོག་གི་ཡོད། མ་གཞི་ཁང་པ་བོགས་མར་བཏང་མོད། འོན་ཀྱང་ཁང་པའི་བདག་དབང་ཁང་བདག་ལ་ཡོད་པས་རང་ཉིད་ཀྱི་དགོས་མཁོ་ལྟར་ཁང་པ་ཐག་གཅོག་བྱེད་དབང་ཡོད། ཁང་བདག་གིས་ཁང་པ་བཙོངས་ཚེ་ཁང་པ་གཡར་མཁན་ལ་བརྡ་ཐོ་གཏོང་དགོས། ཆ་རྐྱེན་འདྲ་མཚུངས་འོག་ཁང་པ་གཡར་མཁན་ལ་ཁང་པ་སྔོན་ལ་ཉོ་དབང་ཡོད་སྟབས་ཁང་པ་མ་བཙོངས་གོང་ཁང་བདག་གིས་ལུགས་མཐུན་གྱི་དུས་ཚོད་ནང་ཁང་པ་གཡར་མཁན་ལ་བརྡ་ཐོ་གཏོང་དགོས་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།