ནག་ཆུ་ཁྲིམས་ཁང་གིས་མཉམ་སྒྲུབ་མཉམ་འགུལ་གྱིས་ན་སོ་དར་ལ་མ་བབས་པའི་མིར་འཚར་ལོངས་ཀྱི་ཁོར་ཡུག་བསྐྲུན་པ།

འདི་ནི་གསེར་རྙེད་ཆུས་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་སློབ་གྲྭར་ཁྲིམས་སྐྱོང་སློབ་ཚན་འཁྲིད་བཞིན་པ།
ཉེ་ཆར། ནག་ཆུ་ཁྲིམས་ཁང་གིས་དུས་རབས་གསར་པའི་ལོ་ཆུང་བྱིས་པའི་ཁྲིམས་ཁང་གི“སྤང་རྒྱན་མེ་ཏོག”འཆར་གཞི་ཁྲིད་སྟོན་དུ་བྱེད་པ་དང་། “ཁྱིམ་ཚང་དང་། སློབ་གྲྭ ཁྲིམས་ཁང”བཅས་མཉམ་སྒྲུབ་མཉམ་འགུལ་ལམ་སྲོལ་ཧུར་ཐག་གཏོད་པ། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་། ཁྲིམས་སྐྱོང་སློབ་གསོ། ཁྱད་ལྡན་ལས་དོན་ཁང་འཛུགས་སྐྲུན་སོགས་བྱ་ཐབས་སྣ་མང་སྤྱོད་པ། གཞི་རིམ་ཁྲིམས་ཁང་གིས་མཉམ་དུ་བྱ་སྤྱོད་སྤེལ་བར་སྐུལ་ཁྲིད་བཅས་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ཁྱབ་ཁོངས་སུ་ལག་ལེན་གསར་གཏོད་ཀྱིས་ཁོང་ཚོར་ཁྲིམས་འཛིན་སྲུང་སྐྱོང་དྲ་བ་མཉམ་དུ་བསྐྲུན་པ་རེད།
ནག་ཆུ་ཁྲིམས་ཁང་གིས“མང་ཚོགས་ཀྱིས་གནད་དོན་བཤད་པ་དང་ཁྲིམས་དཔོན་གྱིས་ཁྲིམས་ཤོད་པའི”ཁྲིམས་ལུགས་ཁྱབ་གདལ་ས་ཚིགས་ལ་བརྟེན་ནས་ཁྲིམས་དཔོན་གྱིས་ཞུ་བཅར་ལ་སྣེ་ལེན་ཞུ་བའི་ལམ་སྲོལ་བཟོས་ཏེ། “དོན་དག་ཆུང་ཙག་ནས་ཉེས་གསོག་ལ་དོགས་ཟོན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྡེ་ཁུལ་དུ་ལས་དོན་སྤེལ་ཞིང་། ཁྲིམས་དཔོན་ཚོས་གྲོང་པ་ཁྱིམ་མཚེས་ཀྱི་རྩོད་གཞི་ཉེས་དོན་གྱོད་གཞིར་གྱུར་པའི་གྱོད་དཔེ་དང་ཟུང་འབྲེལ་གྱིས་གྲོང་མི་ཚོས་ཁྱིམ་མཚེས་དབར་གྱི་རྒྱུན་གཏན་གྱི་འཚོ་བའི་འབྲེལ་འདྲེས་ནང་སྒྲིག་ལམ་སྲུང་བ་དང་སྐྱོན་ཆུང་དུས་སེལ་གྱི་གལ་ཆེའི་རང་བཞིན་རྟོགས་པར་བྱས་ཏེ། གྲོང་མིའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་ཡོད།
“ཁྱིམ་ཚང་དང་། སློབ་གྲྭ ཁྲིམས་ཁང”བཅས་ཕྱོགས་གསུམ་མཉམ་འགུལ་གྱིས་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཕྱོགས་ཁག་གི་སྲུང་སྐྱོང་བྱེད་སྟངས་བཏོད་ཅིང་། ཁྱིམ་ཚང་གིས་མཐའ་ཚད་དྲན་སྐུལ་བརྒྱུད་སྤྱོད་བྱེད་པ་དང་། སློབ་གྲྭས་འཛེམ་ཟོན་འདུ་ཤེས་གསོ་སྐྱོང་བྱེད་པ། ཁྲིམས་འཛིན་གྱིས་དྲང་བདེན་དྲང་གཞག་མངོན་པ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ན་སོ་དར་ལ་མ་བབས་པའི་མིར་བདེ་འཇགས་ལྡན་པའི་འཚར་ལོངས་ཁོར་ཡུག་ཅིག་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།