ལྷ་རྩེ་རྫོང་ཞིབ་དཔྱོད་ཁང་གིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།
“ཏང་འཛུགས་སྐྱོང་དང་། ཞིབ་དཔྱོད་ལས་སྒོ མི་རིགས་མཐུན་སྒྲིལ་བཅས”མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉིན་ཤས་གོང་། ལྷ་རྩེ་རྫོང་མི་དམངས་ཞིབ་དཔྱོད་ཁང་ཏང་ཀྲི་པུའུ་ཡིས“སེམས་དྲོད་དཔེ་ཁུག་ཆུང་ཆུང་ལ་ཞིབ་དཔྱོད་བརྩེ་བ་ཟབ་མོས་ཁེངས——ཏང་འཛུགས་སྐྱོང་གིས་འཚར་ལོངས་ལ་གཞོགས་འདེགས་བྱེད། ཁྲིམས་སྐྱོང་གིས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། བཀྲ་ཤིས་འཛོམས་ཤང་ལྟེ་བའི་སློབ་ཆུང་དང་བུ་བཅོལ་ཁང་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ་ཁྲིམས་སྐྱོང་གི་ཐུགས་ཁུར་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སློབ་གྲྭར་ཁྱབ་གདལ་གནད་སྨིན་གཏོང་ཐུབ་པ་བྱས་ཡོད། བྱེད་སྒོས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དགོས་མཁོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་དམིགས་ཚད་ལ་གཞིགས་ཏེ“ཁྲིམས་སྐྱོང་སྒྲོག་འགྲེལ་དང་། མཉམ་འགུལ་ལག་ལེན། དངོས་ཟོག་ཞལ་འདེབས་བཅས་ཟུང་འབྲེལ”བྱ་རྒྱུ་ཇུས་འགོད་ཞིབ་ཚགས་བྱས་ཏེ་གཞི་རྟེན་སྣ་མང་ལ་བརྟེན་ནས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཡོད། བཀྲ་ཤིས་འཛོམས་ཤང་ལྟེ་བའི་སློབ་ཆུང་དུ་ཞིབ་དཔྱོད་ཁང་གི་ཏང་ཡོན་ལས་བྱེད་ཉེན་རྟོག་པས(ཁྲིམས་སྐྱོང་སློབ་སྤྱི་གཞོན་པ)ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་ལག་ལེན་གྱི་དཔེ་མཚོན་གྱོད་གཞི་དང་ཟུང་འབྲེལ་གྱིས་ཁྲིམས་སྐྱོང་སྒྲོག་འགྲེལ་གནད་སྨིན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།