དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རིག་རྩལ་ཚོགས་པས་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-16

    འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

     གངས་ལྷ་མེ་ཏོག་བུད་མེད་སྐད་གཉིས་དང་བླངས་ཞབས་ཞུ་རུ་ཁག་གིས“དུད་ཚང་དུ་སྐྱོད་པའི”བྱ་སྤྱོད་སྤེལ་ཏེ། གྲོང་མིར་ཁྱིམ་ཚང་གི་མེ་དང་། གློག སོལ་རླངས་བཅས་བེད་སྤྱོད་ཡང་དག་བྱེད་སྟངས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་མེ་སྐྱོན་སེལ་ཐབས་དང་མེ་སྐྱོན་ཐོན་ས་ནས་རང་སྐྱོབ་དང་བྲོས་ཐབས་བསླབས་པ་རེད།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གངས་ལྷ་མེ་ཏོག་རིག་རྩལ་རུ་ཁག་གིས་ཞིང་འབྲོག་ཁུལ་དུ་བསྐྱོད་དེ“དགུན་ཁར་དྲོ་སྐྱིད་སྦྱིན་པའི་བརྩེ་སེམས”ཞེས་པའི་སྐོར་སྐྱོད་འཁྲབ་སྟོན་བྱས་ནས། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་གཞི་རིམ་གྱི་མེ་ཟོན་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་བསྲུངས་ཏེ། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།