རང་ལྗོངས་ཀྱིས་བྱེད་ཐབས་ཁག་བཅུ་གཅིག་བཏོན་ནས་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་པ།
ཉེ་ཆར། 《བོད་རང་སྐྱོང་ལྗོངས་ཀྱིས་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཏེ་མ་འཇོག་སྐུལ་སློང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག》(གཤམ་དུ《བྱེད་ཐབས་འགའ་ཞིག》ཞེས་བསྡུ་རྒྱུ)ཡོངས་བསྒྲཌ་བྱས་ཤིང་། དེ་ལག་བསྟར་བྱེད་ཡུན་ནི་2028ལོའི་ལོ་མཇུག་བར་ཡིན་པ་རེད།
《བྱེད་ཐབས་འགའ་ཞིག》ནང་བྱེད་ཐབས་ཞིབ་ཕྲ་བཅུ་གཅིག་ཚུད་ཡོད་པ་སྟེ། དང་པོ་ནས་བཞི་པའི་བར་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་གཉེར་སྐྱོང་བྱེད་པོ་སྤུས་ལེགས་སྐྱེད་སྲིང་དང་། གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར། ཡུལ་བབ་དང་བསྟུན་ནས་ཐོན་ལས་ཚོང་འགུགས་ལ་སྐུལ་འདེད། ཐོན་ལས་ཐེབས་རྩའི་མ་ལག་འཛུགས་པ་སོགས་ཀྱི་ཐད་ཞིབ་ཕྲའི་བྱེད་ཐབས་བཏོན་ཡོད་པ་དང་། ལྔ་པ་ནས་བརྒྱད་པའི་བར་ས་སྤྱོད་ཀྱི་དགོས་མཁོ་དང་། དངུལ་རྩའི་ཞབས་ཞུ། ཤེས་ལྡན་པའི་འགན་ལེན་སོགས་ལ་དམིགས་ཏེ་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་ཁེ་ལས་དང་རྣམ་གྲངས་དོན་འཁྱོལ་གང་མགྱོགས་བྱེད་པ། དགུ་པ་ནས་བཅུ་གཅིག་པའི་བར་ཁྲོམ་ར་ཅན་གྱི་ཚོང་འགུགས་དང་། ཆ་འཕྲིན་ཁྱབ་བསྒྲགས། ཚོང་འགུགས་མ་འདྲེན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། དེའི་ནང་ས་སྤྱོད་ཀྱི་དགོས་མཁོའི་ཐད་བཟོ་ལས་རྣམ་གྲངས་ལ“ཚད་ལྡན་ས་ཆ”དང་། ལོ་ཚད་ངེས་མེད། སྔོན་ལ་བོགས་གཏོང་དང་རྗེས་སུ་ནང་བཤུག་སོགས་བྱེད་སྟངས་སྣ་མང་བབ་བསྟུན་ངང་བདམས་ཏེ“ས་ཆ་རག་མ་ཐག་འཕྲལ་མར་ལས་འགོ་འཛུགས་པ”ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དངུལ་རྩའི་ཞབས་ཞུའི་ཐད“ལས་དོན་ཆེན་པོ་ལྔར”དམིགས་ཏེ་ཁེ་ལས་ཚོང་ཞུགས་ཀྱི“ཐོགས་མེད་བགྲོད་ལམ”སྲིད་ཇུས་བེད་སྤྱོད་གང་ལེགས་དང་། བེད་སྤྱོད་ལྷུག་པོ། བེད་སྤྱོད་ཆ་ཚང་བཅས་བྱས་ནས་ཁེ་ལས་ཀྱིས་REITsདང་རྒྱུ་ནོར་འཛིན་ལོར་ཅན་སོགས་ཡོ་བྱད་སྤྱད་དེ་མ་དངུལ་བསྡུ་རུབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཤེས་ལྡན་པ་འགན་སྲུང་ཐད་ལག་རྩལ་ངེས་ཅན་ལྡན་པའི་དམངས་གཉེར་ཁེ་ལས་ཀྱིས་རང་བདག་ངང་མཐོ་རིམ་གོ་མིང་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་བཙུགས་ནས་དུས་བཀག་ལྟར་ཤེས་ལྡན་པ་དཀོན་པའི་དཀར་ཆག་ཁྱབ་བསྒྲགས་བྱེད་པ་དང་སྡོད་ཁང་དང་། གླ་ཕོགས། གོ་མིང་སོགས་ལྷན་སྦྱར་ཐོབ་ཐང་དོན་འཁྱོལ་བྱེད་ཆོག
《བྱེད་ཐབས་འགའ་ཞིག》ནང་གཙོ་གནད་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་འགོད་སྐབས“མཉམ་འབྲེལ་ཐོག་ཞིབ་བཤེར་ཆོག་མཆན་འགོད་པ་དང་། ཁས་ལེན་གསལ་བརྡ། ཆད་རུང་རྗེས་གསབ་བཅས་ཟུང་དུ་འབྲེལ་བ”དང་། གླིང་ཁུལ(གསར་སྤེལ་ཁུལ)གྱིས“དོ་དམ་ཨུ་ལྷན་དང་ཀུང་སི་ཟུང་དུ་འབྲེལ་བའི”ཁྲོམ་ར་ཅན་གྱི་གཉེར་སྐྱོང་ཁྱབ་གདལ་བཏང་ནས་བསྡུ་ལེན་དང་། དོན་འཁྱོལ། འཁོར་རྒྱུག་བཅས་ཀྱི་དུས་འཁོར་ཧྲིལ་པོའི་ཞབས་འདེགས་ཞུ་དགོས་པ་དང་། ས་གནས་དང་གྲོང་ཁྱེར་ཁག་གིས་དུས་བཀག་ལྟར་མ་འཇོག་དང་ཐོབ་ཆ་སྤྲོད་པའི་ལམ་སྲོལ་ཁ་གསལ་དང་ཡོང་འབབ་ཅུང་མཐོ་བའི་རྣམ་གྲངས་ཀྱི་གསལ་ཐོ་ཁྱབ་བསྒྲཌ་བྱས་ཏེ“ཞིབ་མཆན་འགོད་མི་དགོས་པར་འཕྲལ་མར་ལོངས་སྤྱོད་བྱེད་པའི”སྲིད་ཇུས་ལག་ལེན་བསྟར་བ་དང་དུས་མཚུངས། ཚོང་འགུགས་ཀྱི་དམར་ཐིག་ནན་སྲུང་དང་། སྒྲིག་འགལ་གྱི་ནོར་སྲིད་བྱ་དགའི་ཁ་གསབ་དང་། ཐོན་ཁུངས་ཚད་བརྒལ་ངང་བཀོད་སྒྲིག བུ་ལོན་གྱི་ཁག་ཐེག་སོགས་ཀྱི་བྱེད་སྤྱོད་གཏན་འགོག་གིས་ཁེ་ལས་དང་འབྲེལ་བ་ཡོད་པའི་གཟིགས་སྐྱོང་སྲིད་ཇུས་འདོན་སྐབས་ངེས་པར་དུ་དྲང་གཞག་འགྲན་རྩོད་དང“གལ་ཆེན་གསུམ་དང་ཆེན་པོ་གཅིག”གི་མཉམ་སྡེབ་ཐབས་ཇུས་སོགས་ཀྱི་བརྒྱུད་རིམ་ལག་བསྟར་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།