དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་པའི”འགྲན་བསྡུར་སྐབས་དང་པོའི་མཐའ་བསྡུར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-09

    འདི་ནི་བྱེད་སྒོར་ཞུགས་མཁན་བདམས་ཐོན་པས་སྒྲོག་འགྲེལ་བྱེད་བཞིན་པ།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་པའི”འགྲན་བསྡུར་སྐབས་དང་པོའི་མཐའ་བསྡུར་བྱེད་སྒོ་ལྷ་སར་སྤེལ་བ་རེད། བྱེད་སྒོར“ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་ནས་ཁྲིམས་སྐྱོང་དྲང་ནུས་བརྒྱུད་སྤྲོད་བྱེད། —— རྟེན་འབྲེལ་ཆེ་མོ་བསུ། ཏང་གི་དྲིན་ལ་བསྟོད། མཉམ་དུ་འབད་འབུངས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཐོག་མའི་འགྲན་བསྡུར་དང་བསྐྱར་འགྲན་ལ་ཞུགས་པའི་བདམས་ཐོན་པ་20ཡིས་གར་སྟེགས་གཅིག་ཏུ་འགྲན་བསྡུར་བྱས་མཐར་མི་10ལ་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་པ”ཁག་དང་པོའི་མཚན་སྙན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།