རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས།
“བོད་ལྗོངས་ཁྲིམས་ཁང་གི་སློབ་ཁང་ཆེན་པོའི”འཆད་ཁྲིད་བྱེད་སྒོ་སྤེལ་བ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་2025ལོའི་དུས་ཐེངས་བདུན་པའི“བོད་ལྗོངས་ཁྲིམས་ཁང་གི་སློབ་ཁང་ཆེན་པོའི”བྱེད་སྒོ་སྤེལ་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་དང་སྒྲོག་འགྲེལ་བྱས་པ་རེད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གཞོན་པ་ཡོན་ཡིང་དབྱིང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དཔལ་འབྱོར་རིག་པའི་སློབ་དཔྱོད་པུའི་ཀྲུའུ་རེན་དང་དགེ་རྒན་ཆེ་མོ་བ་གཞོན་པ་མཐུ་སྟོབས་དབང་ཕྱུག་ལྗོངས་ཡོངས་ཀྱི་རིམ་གསུམ་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཡོངས་ལ་ཆེད་དོན་འཆད་ཁྲིད་བྱེད་པར་གདན་དྲངས་ཡོད།
འཆད་ཁྲིད་བྱེད་རིང་དགེ་རྒན་ཆེ་མོ་བ་གཞོན་པ་མཐུ་སྟོབས་དབང་ཕྱུག་གིས“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་གནས་དང་། མཛུབ་ཁྲིད་མཛད་ཕྱོགས། དམིགས་ཚད་ལས་འགན། དེ་བཞིན་བོད་ཀྱི་ལག་ལེན་སོགས་ཐད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་གསལ་འགྲེལ་བརྒྱབ་པ་དེས། བོད་ཀྱི་འདྲི་གཅོད་ལས་ཁུངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་རྒྱུའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།