དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གནས་བབ་བརྗེ་རེས་བྱས་ནས་ཁྲིམས་སའི་རྩོད་གླེང་གི་འཇོན་ཐང་ཆེ་རུ་བཏང་བ།

    ——གསེར་རྙེད་ཆུས་ཀྱི་སྤྱི་བདེ་དང་། ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱིས་མཉམ་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-09

    འདི་ནི་གནས་བབ་བརྗེ་རེས་ཀྱི་ཁྲིམས་སའི་རྩོད་གླེང་བྱ་ཡུལ་ཡིན་པ།

    “གནས་བབ་བརྗེ་རེས་ཀྱི་ཁྲིམས་སའི་རྩོད་གླེང་དངོས་སུ་འགོ་ཚུགས་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་ཡིན”ཞེས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་རིང་མེ་ཏོག་གི་བཀའ་བཏང་བ་དང་སྦྲགས། ཟླ་11ཚེས་13ཉིན་གྱི་དགོང་མོར། དམིགས་བསལ་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཞིག་སྲིད་ཁྲིམས་ཚན་པ་གསུམ་གྱི་ལས་བྱེད་པ་དང་ཉེན་རྟོག་པའི་རེ་སྒུག་ཁྲོད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་གསེར་རྙེད་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཀྲི་པུའུ་ཡིས་གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་གི་ཏང་ཀྲི་པུའུ་དང་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་གསེར་རྙེད་ཡན་ལག་ཅུས་ཀྱི་ཏང་ཀྲི་པུའུ་ལྔ་པ་དང་དགུ་པ་དང་མཉམ་དུ་གཉེར་བ་དང་། ཏང་ཡོན་ལས་བྱེད་ཉེན་རྟོག་པ་ཡོངས་མཉམ་དུ་འཛོམས་ནས“གནས་བབ་བརྗེ་རེས་ཀྱི་ཁྲིམས་སའི་རྩོད་གླེང”གི་གསར་གཏོད་རྣམ་པའི་ཐོག་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཀྱི་ཐབས་ལམ་གསར་པ་ཞིག་སྒྲུབ་ཡོད།

    ཁྲིམས་སའི་རྩོད་གླེང་དེ་རྩོད་གླེང་ཅུང་ཆེ་བའི་གནོད་འཚེ་བཏང་བའི་གྱོད་གཞི་ངོ་མ་ཞིག་རྨང་གཞིར་བྱས་ཏེ། སྤྱི་བདེ་དང་། ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་ལས་བྱེད་ཉེན་རྟོག་པའི་སྔར་ཡོད་ཐོབ་ཐང་ཐོག་ནས“གནས་བབ་མི་འདྲ་བའི”སྦྱོང་བརྡར་བྱས་ཤིང་། ཚན་པ་གསུམ་ནས་ཡོང་བའི་ལས་བྱེད་ཉེན་རྟོག་པ་9ཡིས་སྡེ་ཚན་དང་ལས་གནས་ལས་བརྒལ་ནས་ལད་ཟློས་གཏུག་བཤེར་ཚོགས་པ་བསྐྱར་སྒྲིག་བྱས་པ་སྟེ། སྤྱི་བདེའི་ལས་བྱེད་པ་གཞུང་གཏུག་པ་དང་། དག་འབུད་པ། འདྲི་གཅོད་པ་བཅས་ཀྱི་གནས་བབ་ལ་བསྒྱུར་བ་དང་། ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པ་འདྲི་གཅོད་པ་དང་དག་འབུད་པའི་གནས་བབ་ལ་བསྒྱུར་བ། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཞུ་གཏུག་པ་དང་དག་འབུད་པའི་གནས་བབ་ལ་བསྒྱུར་ཡོད། གནས་བབ་བརྗེ་རེས་བྱེད་པའི་ཉེན་རྟོག་པ་9ཡིས་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་དང་། གཏན་ཚིགས་དང་མཐུན་པའི་བསམ་བློ། སྐབས་བསྟུན་གྱི་ཁ་གཏད་གཅོག་ཐབས་བཅས་ལ་བརྟེན་ནས་ལད་ཟློས་ཁྲིམས་སའི་འདྲི་གཅོད་དེ་ཁྲིམས་གཞི་དང་བསམ་གཞིགས་ཟུང་འབྲེལ་གྱི་རྣམ་པར་སྒྱུར་བ་བྱས་པས་གསེར་རྙེད་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ཆེད་ལས་བྱང་ཚད་དང་ཚོགས་པའི་མཉམ་ལས་སྙིང་སྟོབས་གང་ལེགས་མངོན་ཡོད།

    དཔྱད་བརྗོད་བྱེད་རིང་ཞིབ་དཔྱད་ཨུ་ལྷན་ཚོགས་པས་ཁྲིམས་སའི་འདྲི་གཅོད་ལས་དོན་གྱི་ལྟ་ཕྱོགས་ནས་ཁྲིམས་སའི་ཐོག་གི་ལས་བྱེད་ཉེན་རྟོག་པ་ཚང་མའི་རྣམ་འགྱུར་ལ་ཁས་ལེན་གང་ལེགས་བྱས་ཏེ། བྱེད་སྒོ་ཧྲིལ་པོ་གྱོད་གཞིའི་སྲོག་ཤིང་དང་དམ་པོར་འབྲེལ་ཞིང་། དཔང་རྟགས་འདོན་པ་དང་ངོ་ཐུག་ར་འཕྲོད་ཀྱི་གོ་རིམ་གསལ་པོ་དང་། རྩོད་གླེང་གཏམ་བཤད་གནད་ལ་འཁེལ་བ། ས་གནས་ས་ཐོག་གི་རྣམ་འགྱུར་བརྟན་པ་བཅས་ཀྱི་ངོས་འཛིན་བྱས་ཤིང་། ཞིབ་དཔྱད་ཨུ་ཡོན་ཚོས་ད་དུང་ཁྲིམས་རར་ཞུགས་པའི་ཐབས་རྩལ་དང་། སྐབས་བབ་ཀྱི་གཏམ་བརྗོད། ཁྲིམས་སའི་གུས་ལུགས་སོགས་ལ་དམིགས་ནས་སྐར་མ་བརྒྱབ་མཐར“རྩོད་གླེང་པ་ཡག་ཤོས”3དང“ཕུལ་བྱུང་ཚོགས་པ”1བདམས་པ་རེད།

    གསེར་རྙེད་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཝུའུ་ཅན་གྱིས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ནི་ཏང་འཛུགས་སྐྱོང་གིས་ཁྲིམས་འཛིན་མཐུན་སྦྱོར་ལ་སྣེ་ཁྲིད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པ་དང་། གནས་བབ་བརྗེ་རེས་བྱས་པ་བརྒྱུད“གནས་བརྗེས་བསམ་གཞིག་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། མཐུན་སྦྱོར་མཐོར་འདེགས”བཅས་ཀྱི་སྔོན་དཔག་གི་ཕན་འབྲས་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།